ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡིས་རང་གི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ།


ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་ སྲིད་འཛིན་ཨོ་བྷ་མའི་གྲངས་མང་མང་གཙོ་ཚོགས་པར་ཉེ་ཆར་ཕམ་ཉེས་ཆེན་པོ་བྱུང་པ་དང་ དེ་བཞིན་སི་རི་ཡ་དང་ ཨི་རག་གཙོས་པའི་འཛམ་གླིང་གི་དཀའ་རྙོག་སེལ་རྒྱུའི་ལས་དོན་ཐད་ཨོ་བྷ་མ་ཆབ་སྲིད་འཛིན་སྐྱོང་ཁང་གི་རྒྱལ་སྲུང་ལས་དོན་རུ་ཁག་གིས་གདོང་ལེན་ནན་པོ་གནང་མ་ཐུབ་པ་སོགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་པར་བརྟེན་ གནད་དོན་དེའི་ཐད་ཨ་མི་རི་ཀའི་ཆེས་མཐོའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་འདས་པའི་གཟའ་འཁོར་གཉིས་ཙམ་ཞིག་རིང་ཐུག་འཕྲད་གྲོས་མོལ་བསྟུན་མར་གནང་པའི་རྗེས། མཐར་རྒྱལ་སྲུང་དྲུང་ཆེ་ཅག་ཧ་གྷལ་གྱིས་རེས་གཟའ་ཟླ་བའི་ཉིན་རང་གི་གོ་གནས་ནས་དགོངས་ཞུ་གནང་ཡོད་པ་རེད་ སྲིད་འཛིན་ཨོ་བྷ་མ་ཡིས་དགུངས་གྲངས་༦༨ལ་ཕེབས་པའི་རྒྱལ་སྲུང་དྲུང་ཆེ་ཧ་གྷལ་རྒྱལ་སྲུང་ལས་དོན་གྱི་འགན་འཛིན་ནས་བཤོལ་བའི་རྒྱུ་མཚན་ནི་ ཨི་རག་དང་ སི་རི་ཡ་བཅས་ཀྱི་ནང་དྲག་ཟིང་སློང་མཁན་ཁ་ཆེ་མཐར་ལྷུང་དྲག་སྤྱོད་པ་ཚོའི་ཉེན་ཁར་ངོས་འཛིན་དང་སྦྲགས་ མི་ངན་དེ་དག་ལ་ཁ་གཏད་གཅོག་རྒྱུའི་ཐབས་ལམ་གཞན་ཞིག་འཚོལ་དགོས་པ་གཟིགས་ཡོད་པ་རེད།

XS
SM
MD
LG