ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༢/༢༨

རྒྱ་ནག་གིས་ཨ་རིར་ཉུལ་ཞིབ་བྱེད་པར་ཉེས་ཆད་གཏོང་དགོས་པ་ཡིན་ཞེས་གྲོས་ཚོགས་ལ་སྐུལ་མ།


རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་སྒེར་གཉིས་ཀའི་རིག་མཛོད་འཕྲུལ་ཆས་ཀམ་ཕཱུ་ཀྲར་ནང་ལྐོག་ཏུ་འཛུལ་ཏེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་ཚོང་ལས་བྱེད་ཕྱོགས་ལ་ཉུལ་བྱེད་པ་དང་། ཚོང་དོན་གྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་པ་སོགས་ཀྱི་གནས་ཚུལ་ཡོང་གི་ཡོད་པ་དེ་ཚོའི་ཐད། རྒྱ་ནག་ལ་ཉེས་ཆད་གཏོང་རྒྱུའི་ཐབས་བྱུས་ཇི་ཡོད་ཞིབ་འཇུག་བྱེད་དགོས་པ་ཡིན་ཞེས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཐབས་བྱུས་འདྲི་ཡུལ་ཚོགས་ཆུང་ཞིག་གིས་གཟའ་ཕུར་བུའི་ཉིན་གྲོས་ཚོགས་ལ་སྐུལ་མ་གནང་ཡོད་པ་རེད། དེ་ཡང་། ཨ་མི་རི་ཀ་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་སྲུང་བསྐྱར་ཞིབ་ཁང་ཞེས་པ་ནི། ཨ་མི་རི་ཀ་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་སྲུང་གི་འབྲེལ་བའི་ཐད་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ། གྲོས་ཚོགས་ལ་སློབ་སྟོན་གནང་མཁན་ཚོགས་ཆུང་ཞིག་ཡིན་ཞིང་། ཚོགས་ཆུང་འདི་ནི། ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཙོ་བོ་གཉིས་ཀའི་མི་སྣ་ལས་གྲུབ་པ་ཞིག་ཡིན་པ་དང་། ཚོགས་ཆུང་འདིས་ལོ་ལྟར་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་གྲོས་ཚོགས་ལ་འབུལ་གྱི་ཡོད་པ་རེད། འདི་ལོའི་སྙན་ཐོ་དེ་བཞིན། གཟའ་ཕུར་བུའི་ཉིན་ཕུལ་ཡོད་པ་དང་དེའི་ནང་གོང་གི་གནས་ཚུལ་དེ་ཚོ་འཁོད་ཡོད་པ་རེད།།

XS
SM
MD
LG