ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་སི་ཊི་ལི་ཡ་དང་རྒྱ་ནག་གི་དབར་དམིགས་བསལ་གྱི་ཚོང་དོན་གྲོས་ཆོད།


ཨོ་སེ་ཊི་ལི་ཡའི་སྲིད་བློན་ དང་རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་པིང་གིས་དམིགས་བསལ་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་རྒྱུའི་སྐོར་ གསལ་བསྒྲགས་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་ ཞི་ཅིན་པིང་གིས། རེས་གཟའ་ཟླ་བའི་ཉིན་རྒྱབ་ཏུ། ཨོ་སེ་ཊི་ལི་ཡའི་གྲོས་ཚོགས་ ལྷན་ཁང་ལ་གསུང་བཤད་གནང་གྲུབ་པའི་རྗེས། དབུ་ཁྲིད་དེ་གཉིས་ཀྱིས། རང་དབང་ཚོང་འབྲེལ་གྱི་གནད་དོན་གྱི་ཐད། གྲོས་མཐུན་འཇོག་པར་མི་རྣམས་ ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། འདི་ནི། ཨོ་སེ་ཊི་ལི་ཡའི་སྲིད་བློན་ ཡིས་ཕྱི་ལོ་༢༠༡༦ལོའི་བཟོ་ལས་འཛུགས་བསྐྲུན་ལྡན་པའི་རྒྱལ་ཁབ་ ཉི་ཤུའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་མགྲོན་བདག་དེ། རྒྱ་ནག་གིས་བྱ་རྒྱུ་ ཡིན་པའི་སྐོར་གསལ་བསྒྲགས་བྱས་པའི་མཇུག་ཏུ་བྱུང་པ་ཡིན་འདུག རྒྱ་ནག་ནི། ཨོ་སེ་ཊི་ལི་ཡའི་ཚོང་ཤག་རྒྱལ་ཁབ་གཙོ་བོ་དེ་ཡིན་པ་ལྟར། སྔ་ལོ་ ཕྱོགས་ཕན་ཚུན་ཨ་སྒོར་ཐེར་འབུམ་༡༥༠སྐོར་མ་གནས་ཚོང་འབྲེལ་བྱས་ཡོད་པ་ དེ་ནི། ལོ་ངོ་བཅུ་ཕྲག་གཅིག་གི་སྔོན་དུ། ཡུལ་གྲུ་དེ་གཉིས་ཕན་ཚུན་ཚོང་འབྲེལ་ གྱི་མ་གནས་དེ། དེའི་བརྒྱ་ཆ་བཞི་ཟུར་གཅིག་ཙམ་ལས་མིན་པ་ནས་ཡར་རྒྱས་ ཆེན་པོ་ཕྱིན་པ་ཞིག་བསྟན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG