ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཨ་རིའི་མི་ནེ་སོ་ཊའི་ནང་བོད་ཕྲུག་ཆེད་སློབ་གྲྭ་གསར་བཙུགས་ཆོག་པའི་བཀའ་འཁྲོལ།


 ཨ་རི་མི་ནེ་སོཊ་ནས་ཡིན་པའི་ཐུབ་བསྟན་ཟླ་གྲགས་ལགས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་
 ཨ་རི་མི་ནེ་སོཊ་ནས་ཡིན་པའི་ཐུབ་བསྟན་ཟླ་གྲགས་ལགས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉེ་འཆར་ཨ་རི་མི་ནེ་སོཊ་ནས་ཡིན་པའི་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་མགོན་པོ་མཆོག་མཇལ་ཁའི་སྐབས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྒྱུན་གནས་ཐུབ་སྟབས་སླད་ཨ་རི་མི་ནེ་སོཊ་མངའ་སྡེའི་ནང་བོད་ཕྲུག་ཆེད་དུ་ཅ་ཊྲར་སློབ་གྲྭ་གསར་བཙུགས་བྱ་ཆོག་པ་NEOཞེས་པའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་བདམས་ཐོན་དང་བཀའ་འཁྲོལ་བྱུང་ཡོད་པ་སོགས་དང་འབྲེལ་ནས་སྙན་སེང་ཞུས་ཡོད་པ་རེད་འདུག


མཇལ་ཁ་བསྒྲུབས་མཚམས་སུ་འདི་གའི་གསར་འགོད་པས་ཁོང་ལ་༧གོང་ས་མཆོག་ལ་སྙན་སེང་གང་ཞུས་ཡོད་པ་དང་མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་གང་ཕེབས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་གནད་དོན་འདིའི་ཐད་སྙན་སེང་སྒྲོན་སྐབས་༧གོང་ས་མཆོག་ཐུགས་འགྱེས་ཚོར་གནང་ཡོད་པ་དང་སློབ་གྲྭའི་མཚན་བྱང་ཡང་མགོན་པོ་མཆོག་ནས་གསོལ་སྩལ་གནང་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་སྩལ་ཡོད་པ་གསུངས་གནང་སོང་།


གཞི་རྩའི་མི་ནི་སོ་ཊའི་ནང་སློབ་གྲ་འཛུགས་རྒྱུའི་ལས་འཆར་ཁག་ NEO ཞེས་པའི་ཚོགས་པ་དེ་བརྒྱུད་ནས་བཀའ་འཁྲོལ་ཐོབ་དགོས་ཡོད་པ་དང་། ཚོགས་པ་དེས་མངའ་སྡེ་གཞུང་ལ་འབྲེལ་བ་དང་རོགས་སྐྱོར་ཞུ་རྒྱུ་ཚོན་ཁྲིམས་ལུགས་དང་མཐུན་པ་བཟོ་རྒྱུའི་ལས་གཞི་མཇུག་སྐྱོང་གནང་གྱི་ཡོད་པ་རེད་འདུག་ལ་ཨ་རི་མི་ནེ་སོཊ་ནང་བོད་མི་ལྔ་སྟོང་ཡས་མས་ཤིག་ཡོད་པ་དང་། ད་ལྟའི་འཆར་ཕྲུ་གུ་ ༨༥ ཡིས་ཐོ་བཀོད་བྱས་ཟིན་ཡོད་པ་མ་ཟད། སྤྱི་མཐུན་ཚོགས་པ་དང་། མི་རབས་བགྲེས་པ། གཞུང་ཞབས་ཟུར་པ་བཅས་ནས་ཀྱང་ལས་གཞི་དེའི་ཐོག་རྒྱབ་སྐྱོར་གནང་གི་ཡོད་པའི་ཡིད་ཆེས་གཙང་མ་ཡོད་ཅེས་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

གླེང་སྟེགས།

XS
SM
MD
LG