ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ཀུན་གླེང་། ༢༠༢༤ ལོའི་ཟླ་༢ ཚེས་༡༦


ཀུན་གླེང་། ༢༠༢༤ ལོའི་ཟླ་༢ ཚེས་༡༦
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་འོག་མར་བོད་དོན་ཁྲིམས་འཆར་ལ་མང་མོས་གཏན་འབེབས་བྱུང་བ། སྡེ་དགེ་རུ་མང་ཚོགས་ཀྱི་ཞུ་སྐུལ། རྒྱ་གར་གྱི་ཞིང་པའི་ངོ་རྒོལ། བལ་ཡུལ་གྱིས་ཕྱི་རྒྱལ་ཁག་ནས་སྐུ་རྟེན་ཕྱིར་གདན་འདྲེན། རྒྱལ་མཚམས་བརྒལ་བའི་གཉའ་གནོན་ཐད་ཀྱི་ཉན་ཞིབ། རྒྱ་ནག་གི་གཞོན་སྐྱེས་དང་དཔལ་འབྱོར་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༦༦ ནས་ ༡༩༦༩ བར་ལོ་གསུམ་གྱི་རིང་རོང་པོ་ཤང་གི་མི་གྲངས་ལྔ་རྒྱ་ལྷག་སྣེ་ཁྲིད་བྱས་ཏེ་རྒྱ་གཞུང་ལ་ཞི་དྲག་གཉིས་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་མཁན་གྱི་གྲས་ཡིན་པ་ཆབ་སྲིད་བཙོན་ཟུར་བློ་བཟང་ཆོས་འབྱོར་ལགས་ངོ་སྤྲོད་ཚན་པ་དང་པོ་གཟིགས་འབུལ་ཞུ་རྒྱུ། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་ཨ་རིའི་གྲོས་ཚོཊ་འོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་བྱུང་བའི་དོན་སྙིང་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG