རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༡་ཟླ་བ་༤་ ཚེས་༩
རྫ་ཆུ་ཁར་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པའི་དམ་དྲག སྲིད་སྤྱིའི་འོས་འདེམས་ལ་མི་མང་གི་གྲ་སྒྲིག གཟའ་འཁོར་སྔོན་མར་བོད་པ་༣༧་ལ་ནད དུག་འགོས་པ་དང་༡་འདས་གྲོངས། རྒྱ་གར་གྱིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བསྐྱར་ཟློས་བྱས་ཡོད་པ། ཨོ་གླིང་གི་ཚོང་དོན་བློན་ཆེན་གྱིས་ཡུལ་གྱི་རྒྱལ་སྲིད་བདག་དབང་ལ་ཞི་འགྲིགས་བྱེད་མི་རུང་ཞེས་རྒྱ་ནག་ལ་ལན་འདེབས་བྱས་འདུག།
དགོང་དྲོའི་རླུང་འཕྲིན། ༢༠༢༡ཟླ་ ༤་ཚེས་༩
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོས་རྩ་དགོངས་ཞུས་པ་དང་། གཟའ་ཉི་མའི་ཉིན་གྱི་འོས་བསྡུ་ཆེན་མོའི་ཐད་མང་ཚོགས་ཀྱི་བསམ་ཚུལ། ཨ་རིའི་ནང་ཏོག་ནད་འགོག་ཁབ་འགྲེམ་སྤེལ་གྱི་གྲུབ་འབྲས་ཐོན་པ། རྒྱ་གར་དུ་ཏོག་ནད་ཚབས་ཆེར་འགྲོ་བཞིན་པ། དེ་བཞིན་གསར་འགྱུར་བསྡུས་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་གསུམ་སྟེ་ཐུབ་བསྟན་ལུང་རིགས་ལགས་དང་། ཕྱག་མཛོད་ཚང་པདྨ་ལགས། དེ་བཞིན་ཟམ་མདོ་བྱམས་པ་ལགས་བཅས་གདན་འདྲེན་ཞུས་ཏེ་བོད་ཀྱི་རྩ་དོན་མདུན་སྐྱོད་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་གདོང་ལེན་གནང་དགོས་པའི་གནད་དོན་ཁག་གི་ཐོག་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།