རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན། ༢༠༢༡ ཟླ་ ༤ ཚེས་༤
འབར་མའི་གྱེན་ལོག་རུ་ཁག་ཚོས་ངོ་རྒོལ་བ་ཚོར་རྒྱབ་སྐྱོར། ཡོ་རུབ་ཀྱི་ཡུལ་གྲུ་ཁག་གཅིག་གིས་ཐེ་ལྦན་གྱི་མཚོ་འོག་གྲུ་གཟིངས་བཟོ་སྐྲུན། ཐེ་ཝེན་ནང་ཁེ་ཉིན་གཟའ་པ་སངས་ཀྱི་ཉིན་/འགྲུལ་པ་མི་༤༩༠འཁྱེར་བའི་འགྲུལ་བསྐྱེལ་མེ་འཁོར་ཞིག་དོས་སྐྱེལ་རླངས་འཁོར་ཞིག་ལ་གདོང་ཐུག་བརྒྱབ་ཏེ་ཉུང་མཐར་མི་༥༡ལ་སྲོག་སྐྱོན་དང་མི་གཞན་་ཉུང་མཐར་༡༧༨ལ་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡིན།
དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༤་ཚེས་༤།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་ནང་མེ་འཁོར་རྡབ་སྐྱོང་འོག་འདས་གྲོངས་སོང་བའི་ནང་མིར་སེམས་གསོའི་མཚམས་འཕྲིན་གནང་ཡོད་པའི་སྐོར་དང་། རྒྱ་གར་ནང་ཏོག་དབྱིབས་རིམས་ནད་སྐྱར་དར་ཡོང་བཞིན་ཡོད་པའི་སྐབས་འདིར་སྲིད་བློན་མོ་ཌེས་ཀྱིས་མཐོ་རིམས་འགན་ཁུར་མི་སྣ་ཁག་དང་མཉམ་དུ་གྲོས་མོལ་བྱས་ཡོད་པའི་སྐོར། མཡེན་མར་ནང་དམག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་མི་དམངས་ཀྱིས་Easter Egg Strike ཟེར་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར། ཧྥི་ལི་པེན་སི་ཡིས་རྒྱ་ནག་གི་གྲུ་གཟིང་རྣམས་ཝི་ཚུན་(Whitsun) བྱེ་རེ་ནས་ཕྱི་བཤོལ་བྱེད་དགོས་པ་སྐྱར་དུ་སྐུལ་མ་བཏང་ཡོད་པའི་སྐོར། ཨ་རི་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱིས་བྱང་ཀོ་རི་ཡར་སྣོན་ཤུགས་རྒྱུན་འཁྱོངས་བྱེད་རྒྱུའི་མོས་མཐུན་བྱས་ཡོད་པའི་སྐོར་སོགས/