ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

རྒྱང་སྲིང་དུས་ཚོད།

༢༢:༠༠ - ༢༣:༠༠

དགོང་དྲོའི་རླུང་འཕྲིན།༢༠༢༡་ཟླ་༤་ཚེས་༣།

བོད་ཀྱི་མིང་གྲགས་ཅན་གྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ད་ལོའི་ལོ་མགོ་ནས་རྒྱ་ནག་གསང་བའི་ལས་ཁུངས་གིས་འཛིན་བཟུང་བྱས་ཏེ་ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་དང་། ཨ་རི་ནི་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་གཅིག་ལ་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་བརྒྱབ་ཟིན་པའི་རྒྱལ་ཁབ་ཐོག་མ་རུ་གྱུར་ཡོད་པ། ཡོ་རོབ་མནའ་འབྲེལ་དང་རྒྱ་ནག་བར་དུ་དཔལ་འབྱོར་དང་ཕྱི་འབྲེལ་གྱི་འབྲེལ་ལམ་སྡུག་རུ་ཕྱིན་ནས་ཕན་ཚུན་བར་ཉེས་ཆད་གཅོད་རེས་བྱེད་ཀྱི་ཡོད་པ། གཞན་ཉེ་ཆར་ཧོང་ཀོང་གི་ཁྲིམས་ཁང་ནས་ཉེས་འཛུགས་བྱས་ཟིན་པའི་དམངས་གཙོ་དོན་གཉེར་བའི་གནས་སྟབས་ལ་དམིགས་བསལ་གྱིས་བསྐྱར་ཞིབ་བྱས་ཡོད་པའི་ནང་དོན་བཅས་ཡོད།

XS
SM
MD
LG