ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།
གསར་འགྱུར་ནང་རྣམ་གྲོལ་གླིང་གི་མཁན་མོ་ཐོན་རིམ་དང་པོའི་བཙུན་མ་རྣམས་ལ་མཇལ་ཁ་དང་། ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོའི་གཏམ་བཤད། ཨ་རིའི་རྒྱལ་ཚོགས་སུ་བཅའ་བཞུགས་སྐུ་ཚབ། གྷ་ཛའི་དམག་མཚམས། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། བོད་མི་མང་སྤྱི་འཐུས་ཚོགས་གཙོས་སྲིད་འཛིན་ཊམ་ལ་འཚམས་འདྲི་ཞུས་པ་སོགས་ཡོད།