༧གོང་ས་མཆོག་ནས་བལ་ཡུལ་གྱི་སྲིད་བློན་ པུ་ཤུ་པཱལ་ ཀཱ་མལ་ མཆོག་གི་མཚན་ཐོག་ཏུ་ཉེ་ལམ་ཟླ་བ་འདིའི་ཚེས་ ༣ ཉིན་བལ་ཡུལ་གྱི་རྫོང་ཁག་གཉིས་ཀྱི་ནང་ས་ཡོམ་བརྒྱབ་ནས་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ་དང་རྨས་པ། སྡོད་ཁང་ལ་གནོད་སྐྱོན་ཕོག་པ་རྣམས་ལ་མགོན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ།
ཕ་རན་སིའི་སྐད་བརྡ་རིག་པ་བ་དགེ་རྒན་ཆེན་མོ་སྐུ་ཞབས་ནི་ཁོ་ལཱ་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་བོད་ཀྱི་སྐད་ཡིག་གི་གནས་བབ་དང་གལ་ཆེའི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གསུང་བཤད་ཅིག་གནང་སོང་བ།
དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༣ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་སྤྱི་ཟླ་ ༡༠ ཚེས་ ༢༣ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤོ་ལོ་ཐང་དུ་སློབ་ཕྲུག་སོ་སོས་ཁམས་ཚན་སོ་སོའི་དར་ཆ་སྒྲེང་བཞིན་རུ་སྒྲིག་ཐོག་གོ་ལ་གཅིག ཁྱིམ་ཚང་གཅིག་ཅེས་པའི་བརྗོད་གཞིའི་ཐོག་ནས་སྲུང་བརྩི་ཞུས་གནང་སོང་།
གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱ་ནག་གི་དྲ་ལམ་ཚོང་འབྲེལ་ ཝི་ཏན་ ཞེས་པ་དེས་ཟླ་བ་འདིའི་ཚེས་ ༡༡ ཉིན་དྲ་ལམ་ཚོང་འབྲེལ་དེའི་ནང་ཚོང་རྫས་འགྲེམས་ཚོང་བྱེད་མཁན་གྱི་དོ་བདག་སོ་སོས་དངོས་རྫས་ཀྱི་འགྲེལ་བརྗོད་ནང་ TIBET ཞེས་པའི་ཚབ་ལ་ XIZANG ཞེས་མིང་བསྒྱུར་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༡༩༥༧ ནས་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་འདུག།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་ཐོག་འདི་ཚེས་༡༣ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ལོ་༡༩༥༧ ནས་༡༩༧༤ བར་གྱི་བོད་མིའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པའི་སྐོར་འདིར་གསལ།
འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་གནས་མཆོག་རྡོ་རྗེ་གདན་བར་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སོང་། ས
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༢༧ ནས་སློབ་ཕྲུག་༦༠༥ ལྷན་འཛོམས་ཐོག་ས་གནས་མི་འདྲ་བ་ཁག་བཞིའི་ནང་ཆ་བགོས་ཀྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གནང་བཞིན་ཡོད་པ་དང་། འཛིན་རིམ་དྲུག་པ་ནས་དགུ་པ་བར་གྱི་སློབ་ཕྲུག་ཚོས་སྙན་ངག་གྱེར་འདོན་སོགས་བྱེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པ་དེ་བཞིན་ཉིན་གྲངས་གཉིས་ཀྱི་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་གནང་སོང་། ཚོགས་འདུ་འདི་བརྒྱུད་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་གནས་མི་མང་དབར་འབྲེལ་བ་བཟང་དུ་འགྲོ་ཡི་ཡོད་པ་གོ་སྒྲིག་པས་གསུངས་པ་རེད།
དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གཙོ་བོར་གྱུར་བའི་དད་ལྡན་པ་རྣམས་ལ་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་དབུ་འཛུགས་གནང་སྐབས་མང་ཚོགས་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་གི་ཡོད་པ་བཞིན་་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་དགོས་སྐོར།
དགའ་ལྡན་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཚེས་༢ཉིན་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གཙོ་བོར་གྱུར་བའི་དད་ལྡན་པ་རྣམས་ལ་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་གྱི་བཀའ་ཆོས་དབུ་འཛུགས་གནང་། ༸གོང་ས་མཆོག་ནས་མགུལ་ཆམ་བཞེས་པས་བླ་སྨན་གྱི་རེ་སྐུལ་ལྟར་སྐུ་ངལ་གསོ་བཞིན་ཡོད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱི་ཚེས་༡༤་ཉིན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་དཔྱད་རྩོམ་ཕྱོགས་བསྒྲིགས་ཞུས་པའི་ཕྱག་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་ཉམས་ཞིབ་གནང་རྒྱུ་སྔར་ལས་གལ་ཆེ་ཡིན་པ་གསུངས་ཀྱི་ཡོད་པའི་སྐོར།
༧གོང་ས་མཆོག་ལ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་། དགེ་ལྡན་སྤྱི་ལས་ཁང་གཅིག་ལྕོག་གི་ལས་བྱེད་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འདི་ཚེས་༡༢ཉིན་ཁོང་རྣམ་པར་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
གསོ་བ་རིག་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་འགྲོ་ཕན་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་འདི་ཚེས་༡༡ཉིན་གསོ་བ་རིག་པའི་ཉིན་མོ་སྲུང་བརྩི་ཞུས་གནང་སོང་ལ་ཐེངས་དེའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་དང་། གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་རམ་པ་དྲུང་མཚོ་ཚེ་རིང་ཐག་གཅོད་ལགས།
ད་རེས་ཁ་བའི་མི་སྣའི་ལེ་ཚན་ནང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་མཚན་ཉིད་གྲྭ་ཚང་དང་། ས་རཱ་མཐོ་སློབ་གཉིས་གསར་འཛུགས་གནང་མཁན་རྒན་དམ་པ་བློ་བཟང་རྒྱ་མཚོ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་མཚན་ཉིད་གྲྭ་ཚང་དང་ས་རཱ་མཐོ་སློབ་གཉིས་ཀྱི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་དང་ལྷན་དུ་གླེང་མོལ་ཞུས་པ་ཡིན།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་སུ་རྒྱ་ནག་ཐོག་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བ་བཞིན་ཚོགས་གཞོན་ལ་ལྷན་ཚོགས་དེའི་ཐོག་ཏུ་བོད་དོན་དང་འབྲེལ་བའི་བཀའ་མོལ་གཙོ་བོ་གང་གནང་ཡོད་པའི་སྐོར་བཅར་འདྲི་ཞུས་པ་ཡིན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ནས་འདི་ཚེས་༥ ནས་ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་ཆོས་འབྲེལ་སྩལ།
བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༣ འཁོར་བའི་གཞུང་འབྲེལ་གྱི་མཛད་སྒོ་དེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་བརྩི་ཞུས་གནང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་ལྕམ་མ་གྷེ་རིས་ཌ Margareta མཆོག་གཙོས་པས་གྲོས་ཚོགས་ཀྱི་འཐུས་མི་སོགས་ཕེབས་ཡོད།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་གིས་བརྩམས་པའི་ཀཿཐོག་དམ་པ་བདེ་གཤེགས་ཀྱི་རྣམ་ཐར་ལས་འཕྲོས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱིའི་བབ་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། རྒྱལ་བ་ཀཿཐོག་པའི་ཆོས་འབྱུང་དང་ཀཿཐོག་དམ་པ་བདེ་གཤེགས་ཀྱི་རྣམ་ཐར་སོགས་ལ་རྩོམ་པ་པོར་བཅར་འདྲི་ཞུ་རྒྱུ་ཡིན།
མང་སྣོན།