ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་གྱི་སྲིད་འཛིན་ནི་ཕོ་བྲང་དཀར་པོར་སྲིད་འཛིན་ཊམ་དང་མཇལ་འཕྲད་གནང་བ་དང་། ཡུག་ཀེ་རན་ལ་གཏོར་རྒོལ། སྲིད་སྐྱོང་གིས་སྦེལ་ཀོབ་ཏུ་གཟིགས་སྐོར་གནང་བ། དབྱིན་ཇི་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ཐུག་འཕྲད། སྦེལ་ཇེམ་གྱི་ངོ་རྒོལ་སྐད་འབོད་སོགས་ཡོད།
དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཊམ་འཛིན་སྐྱོང་ཁང་གིས་ཨ་རིའི་ཕྱི་རྒྱལ་རོགས་དངུལ་དེ་དག་བར་མཚམས་འཇོག་རྒྱུ་དེ་ཡིས་ཨ་མི་རི་ཀའི་བདེ་འཇགས་དང་རྒྱལ་སྤྱིའི་ནང་ཆེ་མཐོང་ལ་གནོད་སྐྱོན་བྱེད་ཀྱི་རེད་ཅེས་གསུངས་ཡོད་ཀྱང་། གཞན་དག་གིས་ནི་ལྷན་ཁང་དེའི་ནང་གཡོ་ཟོལ་དང་ཆུད་ཟོས་ཀྱི་གནས་ཚུལ་ཚབས་ཆེན་འདུག་ཅེས་གསུངས།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་བ་དང་། ཨ་རིས་ནང་འདྲེན་བྱས་པའི་ངར་ལྕགས་ལ་སྒོ་ཁྲལ་སྤར་རྒྱུ། ཨི་སི་རལ་དང་ཧ་མ་སིས་མུ་མཐུད་མི་གཏའ་གློད་རེས་བྱ་རྒྱུ། སྲིད་འཛིན་གཞོན་པ་བཅོས་རིག་གི་ཚོགས་ཆེན་ལ་ཞུགས་པ། ལྷོ་ཀོ་རི་ཡའི་དམག་སྦྱོང་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཁོངས་ཀྱི་བགྲེས་སོང་སོགས་ལ་མཇལ་ཁ་སྩལ་བ་དང་། སྲིད་འཛིན་ཊམ་གྱིས་ཞོགས་པའི་མཆོད་སྨོན་འདུ་འཛོམས་སྟེང་གཏམ་བཤད་གནང་བ། གྷ་ཛའི་སྡོད་དམངས་ཀྱི་གནས་སྟངས། ཕྱི་སྲིད་དྲུང་ཆེའི་ཌོ་མི་ནི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཚམས་གཟིགས་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་བོད་མི་བགྲེས་སོང་ཁག་ཅིག་ལ་མཇལ་ཁ་སྩལ་སྐོར་དང་། ཨི་སི་རལ་དང་ཧ་མ་སིའི་དབར་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་གཞིར་བཟུང་མི་གཏའ་གློད་གློལ་གཏོང་བ། རྡུལ་མཚོན་ཉུང་འཕྲི་གཏོང་ཐབས་ཀྱི་རེ་འདུན་བཏོན་སྐོར་སོགས་ཡོད།
ཉེ་ཆར་ཟླ་བ་འདིའི་ནང་གསར་འགོད་པ་སྲུང་སྐྱོབ་སྒྲིག་འཛུགས་ཀྱིས་སྙན་ཐོ་གསར་པ་བཏོན་པའི་ནང་རྒྱ་ནག་ནི་གསར་འགོད་པ་བཙན་འཇུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་ཀྱི་རིམ་པར་སླེབས་ཡོད་པ་རེད། ཉམས་ཞིབ་པ་ཁག་གིས་བརྗོད་དོན་དུ་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་བྱས།
ཉེ་ཆར་ཨ་རིའི་སྲིད་འཛིན་ཊམ་གྱི་ཕྱི་མི་གནས་སྤོ་བའི་གནད་དོན་ཐོག་བཀའ་ཁྱབ་འོག་ཁྲིམས་འགལ་གཞིས་ཆགས་པ་རྣམས་ཡོང་ཁུངས་རྒྱལ་ཁབ་ལ་ཕྱིར་འབུད་བྱེད་པའི་སྐབས་ལྷོ་ཨ་མི་རི་ཀའི་ཀོ་ལོམ་བྷི་ཡའི་སྲིད་འཛིན་གྱིས་ཐོག་མར་མོས་མཐུན་མ་བྱས་པའི་རྐྱེན་གྱིས་ཡུལ་གཉིས་དབར་ཚོང་འབྲེལ་གྱི་རྩོད་གཞི་ཞིག་བྱུང་ཡང་རྗེས་སུ་ཐག་གཅོད་བྱུང་ཡོད།
ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་སྨྲ་བརྗོད་རང་དབང་མེད་པའི་སྐྱེ་བོའི་མགྲིན་ཚབ་དང་། སྲིད་འཛིན་ཊམ་གྱིས་ཌ་ཝོ་དཔལ་འབྱོར་གླེང་སྟེགས་སུ་གཏམ་བཤད། ཨུ་རུ་སུས་ཡུག་ཀེ་རན་ལ་གཏོར་རྒོལ། ཨ་རབ་མཐུན་ཚོགས་ཀྱིས་གྷ་ཛ་དམག་མཚམས་འཇོག་པར་རྒྱབ་སྐྱོར། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་གནས་དབྱུང་ཁྲིམས་བཤེར་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཊམ་གྱིས་ཨ་རིའི་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཐེངས་གཉིས་པ་གནང་བ་དང་། མར་ཀོ་རུ་བྷི་ཨོ་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་བྱུང་བ། ཨི་སི་རལ་དང་པ་ལི་སི་ཐན་གྱིས་མི་གཏའ་གློད་རེས། ཐེ་ཝན་སྲིད་འཛིན་གྱིས་དམག་དཔུང་ལ་འཚམས་གཟིགས། ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་དག་འབུལ་སོགས་ཡོད།
ཀུན་གླེང་གསར་འགྱུར་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གར་སོང་ཆ་མེད་གྱུར་བའི་བོད་མིའི་སྐོར་ལ་འདྲི་ཞིབ་དང་། གྷ་ཛའི་དམག་མཚམས་འཇོག་པའི་གནས་སྟངས། དབྱིན་ཇི་དང་ཡུག་ཀེ་རན་གྱི་གན་རྒྱ། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུ། ཊིག་ཊོག་གི་མདུན་ལམ། ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་སོགས་ཡོད།
སྲིད་འཛིན་བྷ་ཌན་གྱིས་ལས་དུས་མ་རྫོགས་པའི་བདུན་ཕྲག་གཅིག་གི་སྔོན་དུ་ཕྱི་འབྲེལ་གྱི་གྲུབ་དོན་སྐོར་གསུང་བཤད་གནང་ཡོད་པ་དང་། བདམས་ཐོན་སྲིད་འཛིན་ཊམ་གྱིས་སྲིད་ཇུས་ཀྱི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་རྒྱུའི་གསལ་བསྒྲགས་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ལས་དུས་རྫོགས་ལ་ཉེ་བའི་སྐབས་འདིར་ཁོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་བདམས་ཐོན་སྲིད་འཛིན་ཊམ་གྱི་མི་སྣ་ཚོ་དང་མཉམ་དུ་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་སུ་འབད་བརྩོན་མཐའ་མ་ཞིག་གནང་བཞིན་པའི་སྐོར། འདི་གའི་གསར་འགོད་པས་བཏང་པའི་གནས་ཚུལ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་སྙན་སྒྲོན་ཞུ།
དམག་སྤྱི་ཇོ་སེ་ཧྥུ་ཨོ་ཨུན་ལེ་བྷ་ནོན་གྱི་སྲིད་འཛིན་ཏུ་འོས་འདེམས་བྱུང་བ། ལྷོ་ཀོ་རི་ཡར་སྲིད་འཛིན་ཡུན་སོལ་ཡོལ་ལ་རྒྱབ་སྐྱོར་གྱི་རྔམ་སྟོན་ཁྲམ་སྐོར་སྤེལ་བ། ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ལི་ཡའི་ཧོ་ལེ་ཝུ་ཌིའི་རི་བོར་མེ་སྐྱོན་བྱུང་བ།
ཨ་རིའི་ནང་བྱ་རིགས་ཀྱི་ཆམ་ནད་ཀྱིས་མི་གཅིག་ལ་འཆི་སྐྱོན་གྱི་གནས་ཚུལ་ཐོག་མ་བྱུང་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གསུངས་དོན་བྱས་ན་ཆམ་ནད་མི་མང་བྱིངས་ལ་འགོས་ཁྱབ་འགྲོ་ཉེན་དེ་ཙམ་མེད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་དམ་པ་ཀར་ཊར་གྱི་སྐུ་ཕུང་ཇཱོར་ཇི་ཡར་དུར་འཇུག་གི་སྐོར་དང་། བྱེའུ་ཆམ་འགོས་ཁྱབ་བྱུང་ཚེ་ཏོག་ནད་༡༩ ལས་ཀྱང་ཉེན་ཚབས་ཆེ་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཀུན་གླེང་གསར་འགྱུར་ནང་ས་ཡོམ་གྱི་གོད་ཆགས་ཐེབས་པའི་དིང་རི་གཙོས་པའི་བོད་མི་ཚོ་ལ་གདུང་སྐྱེད་མཉམ་སྐྱེད་མཚོན་ཕྱིར། བཙན་བྱོལ་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་མཆོད་འབུལ་སྨོན་ལམ་འཚོགས་བཞིན་པ་དང་། གྷི་རེན་ལན་དང་པ་ཎ་མ་གྲུ་ཡུར་ནི་དམག་ཤུགས་འོག་སྟངས་འཛིན་བྱ་ཆོག་ཅེས་བརྗོད་པ་སོགས་ཡོད།
གསར་འགྱུར་གཞན་ཁག་གི་གནད་བསྡུས་ནང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཁོང་འཛིན་བཟུང་གི་ཚོད་བགམ་བྱས་པ་དང་། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མི་ལ་སྤྱི་དམངས་གཟེངས་རྟགས་ཕུལ་བ། ཨི་སི་རལ་དང་ཧ་མ་སིའི་དམག་འཐབ། སེ་རི་ཡའི་ཡུལ་གྱར་བ་མང་པོ་ཞིག་ཕྱིར་རང་ཡུལ་དུ་ལོག་པའི་གནས་ཚུལ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་སྒྱུར་བསྐྱངས་པ་དང་། གྲོས་ཚོཊ་གསར་པ་འགོ་འཛུགས་དང་ཚོཊ་གཙོ་ཇཱོན་སན་ལ་འགྲན་སློང་། ལྷོ་ཀོ་རི་ཡའི་སྲིད་འཛིན་ཁོང་འཛིན་བཟུང་གི་ཚོད་བགམ། སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་འཐུས་མིར་གཟེངས་རྟགས་ཕུལ་བ་སོགས་ཡོད།
ཨ་རིའི་སྲིད་འཛིན་རིམ་པ་༣༩ པ་ཇིམ་མི་ཀར་ཊར་མཆོག་རེས་གཟའ་ཉི་མའི་ཉིན་དགུང་གྲངས་བརྒྱ་ཡི་ཐོག་འདས་གྲོངས་སོང་བའི་རྗེས་སུ་ཨ་མི་རི་ཀའི་མི་མང་ཚོས་དམ་པ་དེར་རྗེས་དྲན་ཞུ་བཞིན་པའི་སྐོར་འདི་གའི་གསར་འགོད་པ་ སི་ཀོཌ་ སི་ཏྲན་གྱིས་གནས་ཚུལ་ཕྱོགས་བསྡུས་གནང་པ་དེ་ནོར་བུ་བསམ་འཕེལ་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས།
ཡི་ཤུའི་བླ་ཆེན་ཕོབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དངུལ་བུན་ཆག་ཡང་གཏོང་དགོས་པའི་འབོད་སྐུལ། སི་རི་ཡའི་འགོ་ཁྲིད་གསར་པས་ཨི་རག་གི་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་དང་ཐུག་འཕྲད། ཧིན་རྡུའི་ཆོས་ལུགས་པ་ཚོས་ཁུམ་བྷུ་མེ་ལ་དུས་ཆེན་ལ་གྲ་སྒྲིག
མང་སྣོན།