ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བོར་འཁོད་པ་དང་། འཇར་མན་གྱིས་ཡུག་ཀེ་རན་ལ་ལྕགས་ཁྲབ་འཁོར་ལོ་གཏོང་གཏན་འཁེལ་བ། ཨུ་རུ་སུས་བཙོན་པ་མང་པོ་དམག་སར་གཏོང་བཞིན་པ། ཨ་རིའི་ཁ་ལི་ཧྥོར་ཎི་ཡའི་ནང་གི་མི་གསོད་ཁྲག་སྦྱོར། རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆར་དོ་དམ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་གནང་བ་དང་། རྒྱ་ནག་གི་མི་འབོར་མར་ཆག་པ། བལ་ཡུལ་གྱི་གནམ་གྲུའི་ཆག་སྒོ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་དབུལ་ཕྱུག་གི་ཁྱད་པར་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་ཏཱ་ལའི་བླ་མ་འཕགས་བོད་གནའ་རབས་རིག་གཞུང་ལྟེ་གནས་ཁང་འཛུགས་སྐྲུན་ལས་གཞི་དབུ་འཛུགས་དང་། དགེ་ལུགས་པ་སྤྱི་མགྲིན་ནས་བརྟན་བཞུགས་བསྟར་འབུལ་བྱས་པ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་འདེམས། རྒྱ་ནག་ཏུ་ཏོག་ནད་ཁྱབ་གདལ། ཡུག་ཀེ་རན་གྱི་དམག་འཁྲུག་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྡོར་གདན་དུ་ཕྱི་རྒྱལ་གྱི་དད་ལྡན་པ་ཚོར་བཀའ་སློབ། རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་རྒྱུད་ཀྱི་ཤེས་ཡོན་བརྗེ་ལེན། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག རྒྱ་ནག་ཏུ་ཏོག་ནད་ཁྱབ་གདལ། རྒྱ་ནག་གི་ལས་གཞིས་སིངྒ་ལར་ཉམས་ཉེས། རྒྱ་གར་གྱིས་ནད་དུག་སྔོན་འགོག
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལྡི་ལིར་གསུང་བཤད་གནང་བ་དང་། རྡོ་རྗེ་གདན་དུ་གསུང་ཆོས་སྟ་གོན་དང་ཇོ་ནང་སྨོན་ལམ་འཚོགས་པ། སྲིད་འཛིན་ཟུར་པ་ཊམ་ལ་ཉེས་འཛུགས་ཀྱི་གྲོས་གཞི་བཏོན་པ། ཡུག་ཀེ་རན་གྱི་སྲིད་འཛིན་ཨ་རིར་ཕེབས་་བ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཀྱི་མཇལ་འཕྲད་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན། སྲིད་འཛིན་ཟུར་པ་ཊམ་བསྐྱར་དུ་སྲིད་འཛིན་ལ་ལངས་འཆར། ཡུ་རོབ་ཀྱིས་དོགས་ཅན་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་མཚམས་འཇོག ཨེ་སི་རལ་གྱིས་ཨུ་རུ་སུའི་ནང་གི་འཇིའུ་རྩིས་ལེན་བྱེད་པ་སོགས་ཡོད།
སྤྱི་མཐུན་ཚོགས་པས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་འོས་འདེམས་ཁྲོད་དམར་པོའི་རྦ་རླབས་ཤིག་འཕྱུར་རྒྱུའི་ཚོད་དཔག་བྱས་པ་དེ་དོན་འཁྱོལ་བྱུང་མེད་པ་མ་ཟད། གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པར་ཉུང་མཐར་ཡང་འཐུས་མི་༥༠ འོས་འདེམས་ཐོབ་ཡོད། གྲོས་ཚོགས་འོག་མའི་ནང་དུའང་མཐའ་མའི་རྒྱལ་ཁ་སུ་ལ་ཐོབ་མིན་ངེས་གཏན་མེད་པ་རེད།
རེས་གཟའ་མིག་དམར་ཉིན་གྱི་ཨ་རིའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་སུ་དམངས་གཙོ་ཚོགས་པ་མུ་མཐུད་གྲངས་མང་ཆགས་རྒྱུ་ཡིན་མིན་དང་། ཡང་ན་སྤྱི་མཐུན་ཚོགས་པས་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་འཐུས་མི་གྲངས་མང་གི་དབང་ཆ་འཛིན་མིན་གྱི་ཐག་གཅོད་གནང་རྒྱུ་ཡིན་པར་བརྟེན། བར་མའི་འོས་་བསྡུ་འདིའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་རེད།
ཨ་རིའི་བར་མའི་འོས་བསྡུ་དང་དྲག་སྤྱོད། བྷར་ཛིལ་གྱི་འོས་བསྡུའི་གྲུབ་འབྲས་ལ་རྩོད་གླེང་། ༧གོང་ས་མཆོག་ནས་ཡུཀ་རེན་གྱི་འདས་པོ་ཞིག་ལ་ཐུགས་སྨོན། རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༧ པར་ཞུགས་འཆར། འཛམ་གླིང་ཡོངས་སུ་མི་མང་གིས་ཨི་རན་ལ་ངོ་རྒོལ།
ཨི་རན་གྱི་ནང་བུ་མོ་ན་གཞོན་མྭ་ས་ ཨ་མི་ནེ་བཟང་སྤྱོད་ཉེན་རྟོག་པ་ཟེར་བའི་དོ་དམ་འོག་སྲོག་སྐྱོན་གྱི་གནས་ཚུལ་འབྱུང་རྐྱེན་ལ་བརྟེན་ནས་རྒྱལ་ཡོངས་མི་མང་གིས་གཞུང་ལ་ངོ་རྒོལ་བྱས་ཏེ་ཟླ་བ་གཉིས་མིན་ཙམ་སོང་བའི་སྐབས་འདིར། རྒྱལ་ས་ཏེ་རན་དུ་སྲིད་དོན་གྱི་བཙོན་པ་དོ་དམ་བྱེད་པའི་བཙོན་ཁང་ཞིག་ཏུ་མེ་སྐྱོན་བྱུང་ཡོད།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། རྒྱ་ནག་གི་འཛམ་གླིང་གྲོང་ཁྱེར་ཆེ་ཁག་མང་པོར་ཉེན་རྟོག་ཁང་ཚུགས་ཡོད་པའི་སྙན་ཐོ། ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན། རྒྱ་ནག་གི་ཚོགས་ཆེན་ཉི་ཤུ་བའི་སྟ་གོན་སོགས་ཡོད།
The Biden administration Friday imposed fresh sanctions and export controls on entities and individuals inside and outside Russia that provide support to President Vladimir Putin’s government, following his annexation of four regions of Ukraine.
༧གོང་ས་མཆོག་གི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་བཀའ་ཆོས། ཨུ་རུ་སུའི་ཟླ་བསྒྲིལ་ལ་ཨ་རིས་གསར་དུ་ཉེས་ཆད་བཅད། བདེ་ལེགས་སྨན་ཁང་ཚུགས་ནས་ལོ་༥༠ དང་བཀའ་དྲིན་རྗེས་དྲན། བཅུ་བའི་ཚེས་༡ ཉིན་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་ལས་འགུལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་ཏོག་ནད་རྩ་འགོག་སྲིད་ཇུས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་དང་། ཡུག་ཀེ་རན་དམག་འཁྲུག་གི་གནས་སྟངས། ཨི་རན་ནང་གི་རྔམ་སྟོན་ཁྲོམ་སྐོར། ཉི་ཧོང་གི་སྲིད་བློན་ཟུར་པའི་མྱ་ངན་མཛད་སྒོ། ཨ་རིས་པ་ཀི་སི་ཐན་ལ་ངལ་སེལ་རོགས་སྐྱོར་འཕར་མ་གནང་རྒྱུ་ཡིན་པ་སོགས་ཡོད།
ཉེ་ཆར་ཨི་རན་ནང་བུ་མོ་ལོ་ན་༢༢ཅན་ཞིག་བཟང་སྤྱོད་ཉེན་རྟོག་པའི་དོ་དམ་འོག་འཆི་སྐྱོན་བྱུང་རྗེས་ཨི་རན་རྒྱལ་ཡོངས་སུ་གཟའ་འཁོར་གཅིག་ལྷག་ཙམ་གྱི་རིང་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། ཨ་མི་རི་ཀའི་གཞུང་གིས་ཨི་རན་གྱི་མི་མང་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་རིགས་གཞོན་སྐྱེས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་དང་། དགའ་སྤྲོའི་དེབ་ཆུང་བོད་འགྱུར་མ་འགྲེམ་སྤེལ། དབྱིན་ཇིའི་རྒྱལ་མོར་གཞུང་འབྲེལ་གྱི་མྱ་ངན་མཛད་སྒོ་འཚོགས་པ། ཏོག་ནད་ཁྱབ་ཚད། ཨ་རི་དང་ཨི་རན་གྱི་རྡུལ་ཕྲན་གྲོས་མོལ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་བཞི་བ་མུ་མཐུད་འཚོག་པ་དང་། ཡུག་ཀེ་རན་གྱི་དམག་འཁྲུག དབྱིན་ཇིའི་རྒྱལ་མོར་མྱ་ངན། སེར་བྱེས་གྲྭ་ཚང་དང་རྒྱ་གར་སློབ་ཆེན་གྱི་གན་རྒྱ། ཨ་རིའི་བོད་ཀྱི་ཐེབས་རྩའི་འགོ་ཁྲིད་ལ་མཇལ་ཁ་གནང་བ་སོགས་ཡོད།
ཡུག་ཀེ་རན་གྱིས་བྱང་ཤར་མངའ་ཁུལ་ནང་ཨུ་རུ་སུར་ཁ་གཏད་ཕར་རྒོལ་བྱས་ཏེ་རྒྱལ་ཁ་ཐོབ་བཞིན་པའི་གནས་ཚུལ་ཐོན་བཞིན་པའི་སྐབས་འདིར་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་ད་ཆ་ཨུ་རུ་སུའི་དམག་འཁྲུག་འདིའི་ཐོག་བློ་དོགས་བྱེད་བཞིན་སྲིད་འཛིན་ཕུ་ཊིན་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། བོད་མི་མང་སྤྱི་འཐུས་ཚོགས་འདུ་དབུ་འཛུགས། བོད་དཀར་མཛེས་ཕྱོགས་ཀྱི་ས་ཡོམ་དང་བོད་མིའི་སྒྲིག་འཛུགས་ཀྱི་གདུང་སེམས་མཉམ་སྐྱེད། དབྱིན་ཇིའི་སྲིད་བློན་གསར་པ། རྒྱ་ནག་གི་རིམས་ནད་དམ་དྲག་སོགས་ཡོད།
དབྱིན་ཡུལ་གྱི་སྲིད་བློན་ཇཱོན་སན་གྱིས་དགོངས་ཞུ་གནང་པ་དང་རྒྱལ་ནང་དཔལ་འབྱོར་གྱི་དཀའ་ངལ་སོགས་ཀྱི་གནས་སྟངས་འདིའི་འོག ཕྱི་ཚེས་༦ཉིན་དབྱིན་ཇིའི་གཞུང་འཛིན་རྙིང་ཞེན་ཚོགས་པའི་དབུ་ཁྲིད་ལ་འོས་འདེམས་བྱུང་པ་ལྕམ་Liz Truss ཀྱིས་སྲིད་བློན་གསར་པའི་འགན་དབང་བཞེས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དཀའ་ངལ་སེལ་རྒྱུའི་ཁས་ལེན་གནང་ཡོད།
མང་སྣོན།