ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་དགེ་རྒན་ཆེན་མོ་ལིའུ་ཧན་ཁྲིན་གྱིས་རྒྱ་ཡིག་ཏུ་བརྩམས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོགས་ལ་བོད་འགྱུར་གྱི་ལོ་ཙཱ་བ་དང་བོད་རྒྱའི་གནད་དོན་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ལྷན་དུ་བགྲོ་གླེང་ཞུས་ཡོད།
ཧྥ་རན་སིའི་ཆར་ལི་བདུན་རེའི་དུས་དེབ་སྟེང་ཨས་རན་གྱི་མགོ་ཁྲིད་ ཨད་ལས་ ཁཱ་མི་ནེ་ལ་ཟུར་ཟ་བྱས་པའི་རི་མོ་བཀོད། ཨས་རན་གྱི་མགྲིན་ཚབ་པས་དེའི་ཐད་བཤད་དོན་ལ། དུས་དེབ་འདི་ནི་གཞན་གྱི་ཐོབ་ཐང་དང་རིན་ཐང་ལྟ་ཚུལ་ལ་བརྩི་བཀུར་ཞུ་བར་ཁས་འཆེ་བའི་རྒྱལ་ཁབ་ཞིག་གིས་བཏོན་ནའང་། དེས་རྒྱལ་སྤྱིའི་ཁྲིམས་ཀྱི་རྩ་དོན་བོར་འདུག་ཟེར།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་ཨ་རིའི་སྲིད་འཛིན་༤༣་པ་འཇོར་ཇཱི་ཝོལ་ཀར་བྷུ་ཤཱི་ནས་བརྩམས་པའི་འགག་རྩའི་ཐག་གཅོད་ཅེས་པའི་རང་རྣམ་དཔེ་དེབ་དེའི་བརྗོད་བྱ་སོགས་ལ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་བྱེད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་བགྲོ་གླེང་ཞུས་ཡོད།།
ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་གྱི་ནང་དུ་བོད་ཀྱི་ལོ་ཙྰ་བ་ཆེན་མོ་བཻ་རོ་ཙ་ན་མཆོག་ངོ་སྤྲོད་བྱས་ཡོད་ཅིང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་སྐོར་ལ། ཀི་རྟི་བྱེས་པ་གྲྭ་ཚང་ཆེས་མཐོའི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་དང་། རྩོམ་པ་པོ་རེ་མདོ་སངྒེ་ལགས་དང་ལྷན་དུ་བགྲོ་གླེང་བྱས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་ཆོས་ཀྱི་ཚིགས་སུ་བཅད་པའི་གླེང་གཞིའི་གཏམ་རྒྱུད་སུམ་བརྒྱ་ཞེས་བྱ་བ་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་ལོ་ཙཱ་བ་དང་རྩོམ་པ་པོ་སྤྲུལ་སྐུ་ཡེ་ཤེས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་ཡོད།།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་བྷི་རན་ཊིན་སད་ལི་ཝུན་གྱིས་བརྩམས་པའི་ཆོས་ཀྱི་རྒྱལ་ཁམས་ཤིག་བཙུགས་པ་ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་སོགས་ལ་ཨ་རིའི་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་སློབ་གྲྭ་ཆེན་མོའི་འབུམ་རམས་སློབ་གཉེར་བ་བཀྲ་ཤིས་རྣམ་རྒྱལ་ལགས་དང་མཉམ་ཏུ་བགྲོ་གླེང་ཞུས་ཡོད།།
ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་གྱི་ནང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་དབུ་ཁྲིད་ཨ་འབྲུག་མགོན་པོ་བཀྲ་ཤིས་ལགས་ངོ་སྤྲོད་ཞུ་རྒྱུ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་སྐོར་ནས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཐད་ཀྱི་ཉམས་ཞིབ་པ་ཆབ་མདོ་བློ་བཟང་ཤེས་རབ་ལགས་ལ་བཀའ་འདྲི་ཞུས་ཡོད།
ཐེངས་འདིའི་ཁ་བའི་མི་སྣའི་ལེ་ཚན་གྱི་ནང་དུ་དག་ཡིག་གསར་སྒྲིག་གི་གཙོ་སྒྲིག་པ་བསམ་གཏན་རྒྱ་མཚོ་ལགས་ངོ་སྤྲོད་བྱེད་རྒྱུ་དང་། ཁོང་གི་སྐུ་ཚེའི་ལོ་རྒྱུས་ཀྱི་སྐོར་ལ་ཨ་རིའི་ནུབ་བྱང་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ལ་བཀའ་འདྲི་ཞུས་ཡོད།
ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རང་རྣམ་སྟེ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་བརྗོད་བྱ་སོགས་ལ་ཨ་རིའི་ནུབ་བྱང་གཙུག་ལག་སློབ་ཆེན་གྱི་འབུམ་རམས་སློབ་གཉེར་བ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་དང་མཉམ་དུ་བགྲོ་གླེང་ཞུས་ཡོད།
སིངྒ་ལ་རུ་དཔལ་འབྱོར་ཉམས་ཉེས་བྱུང་བ་དང་བསྟུན་ནས་དེ་གར་ཡོད་པའི་རྒྱ་ནག་གི་ལས་གཞི་དག་ལ་འགོག་རྐྱེན་འཕྲད་སྲིད་པ་དང་། རྒྱ་གར་ལ་མཚོན་ན་རྒྱ་ནག་གི་ཤུགས་རྐྱེན་འགོག་ཐབས་ཀྱི་གོ་སྐབས་ཡག་པོ་ཞིག་ཏུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་དཀོན་མཆོག་དོན་གྲུབ་ནས་ཕར་སྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།
༄༅།། ཨ་རིའི་ངོས་ནས་མ་འོངས་པར་ཐེ་ཝན་ལ་ལག་རྩལ་དང་ཚོང་ལས་ཐད་དུ་མཉམ་འབྲེལ་བྱེད་ཕྱོགས་ཀྱི་གྲོས་མོལ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།
༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་ཐེ་ཝན་སྲུང་སྐྱོབ་བྱེད་ཕྱོགས་སུ་འཛིན་པའི་འཐབ་ཇུས་ཁ་གསལ་པོ་མེད་པར་སྔར་བཞིན་འགྱུར་བ་ཕྱིན་མེད་ཅེས་གསལ་བཤད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་དཀོན་མཆོག་དོན་གྲུབ་ནས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།།
༄༅།། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚོས་ཉེ་ཆར་ནས་རྒྱ་ནག་ལ་ཁ་གཏད་གཏོག་པའི་ཁྲིམས་གཞི་ཞིག་ལ་གྲོས་མོལ་བྱེད་བཞིན་ཡོད་ཅིང་། གྲོས་ཚོགས་གོང་མའི་འགོ་ཁྲིད་ཀྱིས་ཁྲིམས་འཆར་དེར་ཕྱི་་ཟླ་༦་པའི་ནང་དུ་གྲོས་འཆམ་ཡོང་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་པའི་གནས་ཚུལ་
༄༅།། ཧོང་ཀོང་གི་ཉེན་རྟོག་པས་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བྱེད་མཁན་གྱི་ཉེས་མིང་འོག དགུང་ལོ་༩༠་ཐམ་པར་ཕེབས་པའི་ཧོང་ཀོང་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་རྗེ་ཇཱེ་སེབ་ཙེན་དང་དམངས་གཙོ་དོན་གཉེར་བ་ལྔ་འཛིན་བཟུང་བྱས་འདུག་པའི་སྐོར།
ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཅད་ནས་ཨུ་རུ་སུའི་དངུལ་སྒོར་གྱི་འཛའ་ཐང་འཕར་ཆག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། ཡུཀ་རེན་གྱི་དམག་འཁྲུག་གི་མགོ་སྟོད་དེར་དངུལ་རྩའི་མཁས་པ་ཚོས་ཨ་སྒོར་དང་ཡུ་སྒོར་རེར་ཨུ་རུ་སུའི་དངུལ་སྒོར་རུ་བྷུལ་༢༠༠་ཙམ་སླེབས་རྒྱུའི་ཚོད་དཔག་བྱས་མོད་དེ་ལྟར་བྱུང་མེད།
༄༅།། རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་ཡོངས་གྲགས་སུ་ཨུ་རུ་སུར་དམག་དོན་དང་དཔལ་འབྱོར་རོགས་རམ་བྱས་མེད་ཅིང་། དེ་ནི་ལས་དོན་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་ཅེས་ཨ་རིའི་དཔོན་རིགས་ཚོས་གསལ་བཤད་གནང་ཡོད་པའི་གནས་ཚུལ་དེ་དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་རྒྱུ་རེད།།
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡུཀ་རེན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ་དམག་འཁྲུག་གི་གཏོར་ཚབས་ནི་དུས་རབས་ཉེར་གཅིག་པའི་ཆག་སྒོ་ཆེན་པོ་ཞིག་རེད་ཅེས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་སོགས་ཀྱི་སྐོར།
རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ད་དུང་ཡང་ཏོག་དབྱིབས་ནད་དུག་འགོ་མཁན་མང་པོ་འབྱུང་བཞིན་ཡོད་ཅིང་། རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུ་ཡིན་ཞེས་ནད་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མི་མང་གི་འཚོ་གནས་ལ་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་གིས་སྲིད་ཇུས་དེ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་
༄༅།། རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་པོ་ཨོ་གླེང་སྟེགས་སྟེང་དུ་འཛམ་གླིང་གི་བདེ་འཇགས་ཐད་གྲོས་མགོ་ཞིག་བཏོན་ཡོད་ཅིང་། དེའི་དམིགས་ཡུལ་ནི་མ་འོངས་པར་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་སོགས་ཨེ་ཤེ་ཡའི་ཁུལ་དུ་ཨ་རིའི་ཤུགས་རྐྱེན་འགོག་ཐབས་ཀྱི་འཆར་གཞི་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར།