སུད་སིའི་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་།

༄༅།། ཟླ་བ་འདིའི་ཕྱི་ཚེས་༢༠་སྟེ། རེས་གཟའ་ཟླ་བའི་ཉིན་ཡུ་རོབ་རྒྱལ་ཁབ་སུད་སིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་ཞིག་གི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་བྱས་ཤིང་། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་སྐབས་སུའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་བྱུང་ཡོད་པ་རེད། སུད་སིའི་གྲོས་ཚོགས་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་སྐབས་སུ་བོད་དོན་གླེང་སློང་གནང་མཁན་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་སུ་རིག་འཛིན་གྱིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།

Your browser doesn’t support HTML5

སུད་སིའི་གྲོས་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་།