ཧོང་ཀོང་གི་ལས་འགུལ་བ་ཞིག་གིས་གཞུང་གི་བཀག་སྡོམ་ལ་བརྩི་མེད།

༄༅།། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དང་བདེ་འཇགས་སྲུང་སྐྱོབ་དཔུང་སྡེས་༡༩༨༩་ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་སོགས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པའི་དུས་དྲན་དེ་ཧོང་ཀོང་ས་གནས་སུ་མུ་མཐུད་དུ་འཚོགས་ཀྱི་ཡོད་མོད། འོན་ཀྱང་ད་ལོ་ཧོང་ཀོང་གཞུང་གིས་དུས་དྲན་དེ་སྲུང་བརྩི་ཞུ་མི་ཆོག་ཅེས་བཀག་སྡོམ་བྱས་ཀྱང་ལས་འགུལ་བ་ཞིག་གིས་དམ་དྲག་ལ་བརྩི་མེད་བཏང་ནས་མར་མེའི་ཁྲོམ་སྐོར་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཧོང་ཀོང་གི་ལས་འགུལ་བ་ཞིག་གིས་གཞུང་གི་བཀག་སྡོམ་ལ་བརྩི་མེད།