ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གཞུང་གིས་དྲུག་བཞིའི་ལོ་རྒྱུས་ནག་སུབ་གཏོང་ཐབས།


༄༅།། མི་ལོ་༣༢་གོང་དུ་རྒྱ་ནག་གི་སློབ་ཕྲུག་ཚོས་སྣེ་ཁྲིད་འོག་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོ་དང་རང་དབང་གི་ཆེད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ལངས་པར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་སློབ་ཕྲུག་ཚོར་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཡོད་ཅིང་། ཧོང་ཀོང་གི་ས་ཐོག་ཏུ་ལོ་ལྟར་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་ཀྱི་ཡོད་ཀྱང་ལོ་འདིར་ཧོང་ཀོང་ས་གནས་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་མི་ཆོག་ཅེས་བཀག་སྡོམ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG