ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་འཆར།

༄༅།། ཨ་རིར་སྲིད་འཛིན་འོས་འདེམས་བྱ་རྒྱུ་དེར་དུས་ཡུན་ཟླ་བ་གསུམ་ལས་མེད་པའི་མཚམས་འདིར་འོས་འདེམས་གྱི་གྲུབ་འབྲས་སོགས་ལ་སྔོན་དཔག་མང་པོ་ཞིག་བྱེད་བཞིན་ཡོད་ཅིང་། དེ་དག་གི་གྲས་ཀྱི་གླེང་གཞི་དང་ཚོད་དཔག་གཙོ་བོ་ཞིག་ནི་ད་ལྟའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་བསྐྱར་འདེམས་མ་བྱུང་བ་དང་ཁ་གཏད་པ་སྲིད་འཛིན་གཞོན་པ་ཟུར་པ་སྟེ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ཁོང་གིས་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་རྣམ་པ་འཐོན་གྱི་འདུག་ཅེས་གླེང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་གཏོང་འཆར།