ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཊམ་དང་ཨ་རིའི་འོས་བསྡུ་ལྷན་ཁང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྲིད་འཛིན་འོས་བསྡུ་བྱེད་པར་ཉིན་བརྒྱ་ཐམ་པ་ཙམ་ལས་མེད་པའི་སྐབས་འདིར། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པ་ལྟར་ན་ཇཱོ་བྷ་ཌན་ལ་སྲིད་འཛིན་ཊམ་ལས་རྒྱབ་སྐྱོར་བ་མང་བ་རེད། བྷ་ཌན་གྱི་ལོ་རྒྱུས་ལ་བསྔོག་བཤེར་དང་ལངས་ཕྱོགས་ལ་དོགས་སློང་། རིམས་ནད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཚེ་འོས་བསྡུ་འདི་འགྲན་རྩོད་ཅན་ཞིག་ཏུ་འགྱུར་སྲིད།

སྲིད་འཛིན་འོས་བསྡུ་བྱེད་པར་ཉིན་བརྒྱ་ཐམ་པ་ཙམ་ལས་མེད་པའི་སྐབས་འདིར། མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པ་ལྟར་ན་ཇཱོ་བྷ་ཌན་ལ་སྲིད་འཛིན་ཊམ་ལས་རྒྱབ་སྐྱོར་བ་མང་བ་རེད། བདུན་ཕྲག་གསུམ་གྱི་རྗེས་དངོས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཆགས་རྒྱུ་ཡིན་པའི་སྲིད་འཛིན་གཞོན་པ་ཟུར་པ་བྷ་ཌན་གྱི་ལོ་རྒྱུས་བསྔོག་བཤེར་དང་། ད་ལྟའི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཚེ་མང་ཚོགས་ཀྱི་བློ་ཁ་ལའང་འགྱུར་ལྡོག་བྱུང་ནས་འོས་བསྡུ་འདི་འགྲན་རྩོད་ཆེན་པོ་ཞིག་ཏུ་འགྱུར་སྲིད།།
XS
SM
MD
LG