པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག

༄༅།། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་སྔོན་ཆད་གྲོང་ཁྱེར་དེའི་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཆེན་པོ་ཡོད་ལུགས་བརྗོད་ནས་འཛུགས་སྐྲུན་གྱི་ལས་གཞི་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། ད་ཆ་དེ་སྔོན་གྲོང་ཚོ་གསར་པ་ཁག་ཅིག་འཛུགས་སྐྲུན་བྱས་པ་རྣམས་ཁྲིམས་འགལ་རེད་ཅེས་སླར་ཡང་གཏོར་བཤིག་གཏོང་འགོ་ཚུགས་ནས་མང་ཚོགས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པར་མ་ཟད། གཟའ་འཁོར་འདིར་པེ་ཅིང་གྲོང་ཁྱེར་གྱི་ཕྱི་ཕྱོགས་སུ་གནའ་བོའི་བཟོ་བཀོད་ཀྱི་རྣམ་པ་ལྡན་པའི་ཁང་པ་མང་པོ་ཡོད་པའི་གྲོང་ཚོ་ཞིག་ཀྱང་རྩ་གཏོར་བཏང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

Your browser doesn’t support HTML5

པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག