རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གློ་བུར་དུ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་བ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་རིང་སྤྱི་ཚེས་༢༢ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་འབྱོར་ཏེ་༧རྒྱལ་བའི་ཕོ་བྲང་རྩེ་པོ་ཏཱ་ལའི་མདུན་ཐང་དུ་གཏམ་བཤད་བྱས་ཡོད་པ་དང་། ཡང་བོད་མིའི་སེམས་ཀྱི་ཕྱོགས་ས་ལྷ་ལྡན་གཙུག་ལག་ཁང་དང་བར་སྐོར་ནང་ལྟ་སྐོར་དུ་སྐྱོད་ཡོད་འདུག་ལ། ཉིན་ཤས་སྔོན་ནས་ལྷ་སའི་ནང་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་མ་ཟད། གང་སར་སྐོར་སྲུང་བ་མང་རུ་བཏང་ཡོད་འདུག ད་རེས་ཞི་ཅིན་ཕིང་སྔོན་ལ་བོད་ཀྱི་ཀོང་པོར་ལྟ་སྐོར་དུ་སྐྱོད་ནས་དེ་རྗེས་རྒྱལ་ས་ལྷ་སར་འབྱོར་པ་དང་། སང་ཉིན་འབྲས་སྤུངས་དགོན་དུ་སྐྱོད་ཀྱི་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་གནང་པའི་གནས་ཚུལ་འདི་གསན་རོགས་གནང་།

Your browser doesn’t support HTML5

ཞི་ཅིན་ཕིང་ལྷ་སར་བལྟ་བསྐོར་ལ་འབྱོར་བ།