ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དགེ་འདུན་པ་ལྔ་བཙན་ཁྲིད་བྱས་འདུག


ཟླ་བ་དགུ་བའི་ཚེས་གཅིག་ཉིན་ལ། བོད་མདོ་ཁམས་ཡུལ་ཤུལ་ཁྲི་འདུ་ས་ཁུལ་གྱི་ཉྭ་མཚོ་ཟིལ་དཀར་དགོན་པའི་གློག་བཅད་པ་དང་། ཁ་པར་དང་དྲ་རྒྱའི་བརྡ་འཕྲིན་སོགས་ཡོངས་སུ་བཅད་དེ་གློ་བུར་དུ་དགོན་པར་དྲག་ཆས་སྤྲས་པའི་དམག་མི་དང་བདེ་འཇགས་མི་སྣ་སོགས་མི་གྲངས་༦༠ལྷག་འབྱོར་ནས། དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ད་ལྟའི་ཆར་འཛིན་བཟུང་བཙན་ཁྲིད་བྱས་ཟིན་པའི་དགེ་འདུན་པ་ཚོའི་གནས་སྟངས་དང་དགོན་པའི་གནས་སྟངས་སོགས་ཤེས་རྟོགས་ཐུབ་ཀྱིན་མེད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་ལ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG