ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

བདུན་ཕྲག་གསུམ་ལ་བོད་པའི་སྤྱི་ཚོགས་སུ་ནད་དུག་འགོ་མཁན་མ་བྱུང་།


༄༅།། འདས་པའི་བདུན་ཕྲག་གསུམ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་འགོ་མཁན་གཅིག་ཀྱང་བྱུང་མེད་ཅིང་། ཕྱི་ཟླ་༤་པའི་ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་པ་བསྟན་འཛིན་བསོད་ནམས་ཀྱིས་བོད་པ་ལོ་ན་༡༨་ཡན་ཆད་ལ་སོན་པ་སྟེ། རྒྱ་གར་དུ་བོད་པ་༥༠༡༢༡་དང་བལ་ཡུལ་དུ་བོད་པ་༧༠༢༩་ལ་སྔོན་འགོག་ཁབ་སྨན་གཉིས་ཀ་བརྒྱབ་ཟིན། དེ་བཞིན་རྒྱ་གར་དུ་སྔོན་འགོག་སྨན་ཁབ་གཅིག་ལས་བརྒྱབ་མེད་པ་མི་༣༢༨་དང་བལ་ཡུལ་དུ་མི་གཅིག་ཀྱང་མེད། བོད་པ་ལོ་ན་༡༨་མན་ཆད་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པ་རྒྱ་གར་དུ་མི་༡༥༩༢་དང་བལ་ཡུལ་དུ་མི་༡༠༩་བྱུང་ཡོད། སྔོན་འགོག་སྨན་ཁབ་གཅིག་ལས་བརྒྱབ་མེད་པ་རྒྱ་གར་དུ་མི་༣༧༢་དང་བལ་ཡུལ་དུ་གཅིག་ཀྱང་མེད། ལོ་ན་༦༠་ཡན་ཆད་ཀྱི་རྒན་རྒོན་ཚོ་དང་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་ཚོར་ཤུགས་སྐྱེད་སྨན་ཁབ་གསུམ་པ་བརྒྱབ་ཟིན་པ་རྒྱ་གར་དུ་མི་༣༧༢༡་དང་བུལ་ཡུལ་དུ་མི་༢༡༦་བྱུང་ཡོད། རྒྱ་གར་དུ་ནད་ཡམས་ཀྱི་མདུན་སར་སྐྱོད་མཁན་སྨན་པ་དང་སྨན་ཞབས་པ་༥༨༩་དང་བལ་ཡུལ་དུ་མི་༥་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

བདེ་ལེགས་སྨན་ཁང་གི་སྨན་པ་འཇིགས་མེད་སྐལ་བཟང་གིས་འཛམ་གླིང་ཡུལ་གྲུ་ཁག་ཏུ་ཏོག་དབྱིབས་ནད་དུག་འགོ་མཁན་ཉུང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་དང་ཧོང་ཀོང་སོགས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་ཡོད་པས་བོད་པ་ཚོས་ནད་དུག་སྔོན་འགོག་གི་བྱེད་སྒོ་ཁག་མུ་མཐུད་དུ་ལག་ལེན་བསྟར་དགོས་པར་མ་ཟད། རྒྱ་གར་གཞུང་གིས་ལོ་ན་༡༢་ནས་༡༤་བར་གྱི་ཕྲུ་གུ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་བཙུགས་ཡོད་པ་ལྟར་ཕ་མ་ཚོས་རང་གི་ཕྲུ་གུ་ཚོར་སྔོན་འགོག་སྨན་ཁབ་བརྒྱབ་མེད་ན་འགོག་ཁབ་རྒྱག་རྒྱུའི་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG