ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།


བོད་མདོ་སྨད་རེབ་ཀོང་སྒྲོ་རོང་བོ་སྡེ་བའི་བྱིས་པ་ལོ་ལྔ་ཅན་གྱི་ཨ་མ་རྟ་མགྲིན་མཚོ་ཡིས་དེ་རིང་སྤྱི་ཟླ་༡༡་ཚེས་༧ཉིན་གྱི་ཕྱི་དྲོ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། འབྲེལ་ཡོད་མི་སྣས་གནས་ཚུལ་ཁུངས་ལྡན་བརྗོད་པ་ལྟར་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་དེ་རང་ལ་རྟ་མགྲིན་མཚོ་སྐུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་ མཐའ་སྐོར་གྱི་བོད་མི་ཚོས་རྟ་མགྲིན་ཚོ་ཡི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག རྟ་མགྲིན་མཚོ་ནི་ད་ལོ་ལོ་ན་༢༣་ཡིན་པ་དང་ལོ་ལྔ་ཅན་གྱི་བུ་སྙིང་བྱམས་ཚེ་རིང་གི་ཨ་མ་ཡིན་འདུག རྟ་མགྲིན་མཚོ་ཡི་ཕ་རྟ་མགྲིན་སྐྱབས་དང་ཨ་མ་དཀོན་མཆོག་མཚོ་གཉིས་ལ་བུ་གཅིག་དང་བུ་མོ་གཉིས་ཡོད་པ་ལས་རྟ་མགྲིན་མཚོ་ནི་མིང་སྲིང་ཚོའི་ཁྲོད་ཀྱི་ལོ་ན་རྒན་ཤོས་དེ་ཡིན་པ་དང་། རང་ལོ་༢༡ཅན་གྱི་ནུ་བོ་ལྷ་མོ་སྐྱབས་དང་ལོ་ན་༡༡ཅན་གྱི་གཅུང་མོ་རི་ལུང་མཚོ་བཅས་ཡིན་འདུག དེ་བཞིན་རྟ་མགྲིན་མཚོ་ནི་ཆུང་དུས་ནས་འབྲོག་པའི་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་རེད།
please wait

No media source currently available

0:00 0:07:25 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG