ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དབྱང་ཧེང་ཅུན་གྱིས་སྡུག་སྦྱོང་དང་མནར་གཅོད་ལ་མི་སྐྲག་ཟེར།


༄༅།། ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཏེ། རྒྱ་ནག་པ་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བ་དབྱང་ཧེང་ཅུན་གྱིས་ང་དུས་ཡུན་རིང་པོར་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་སྡུག་སྦྱོང་དང་མནར་གཅོད་མྱོང་དགོས་ཐུག་ཀྱང་དེ་སྐྲག་གི་མེད་ཅེས་རེས་གཟའ་ཕུར་བུའི་ཉིན་བཤད་ཡོད་ཅིང་། ཁོང་ལ་རྒྱ་ནག་གཞུང་གིས་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་བྱ་འཆར་ཡོད་པ་དེའི་སྔོན་དུ་གསལ་བསྒྲགས་དེ་བྱས་ཡོད་པར་མ་ཟད། དབྱང་ཧེང་ཅུན་གྱིས་ང་ལ་སེམས་ཁྲལ་བྱ་དགོས་ཞེས་གྲོགས་པོ་ཞིག་ལ་གནས་འཕྲིན་ཞིག་བསྐུར་ནས་ནན་བརྗོད་བྱས་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG