ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ཡུ་གུར་པའི་སློབ་ཕྲུག་ལ་ཆབ་སྲིད་ཀྱི་ལྟ་བ་ཡང་དག་པ་ཞིག་དགོས་ཟེར།


ཉེ་བའི་ལོ་ཤས་ཤིག་ནས་ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེར་བརྟེན་རྒྱ་ནག་གཞུང་གིས་ཀྱང་ཡུ་གུར་མི་རིགས་ལ་དྲག་གནོན་བྱེད་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཡུ་གུར་པའི་བསམ་བློའི་ལྟ་བ་ཇེ་མཁྲེགས་སུ་སོང་ནས་ཞིན་ཅང་ལ་གཏན་སྡོད་གཞིས་ཆགས་སུ་སོང་བའི་རྒྱ་མི་རིགས་དང་། ས་གནས་དེའི་ཡུ་གུར་མི་རིགས་གཉིས་མི་མཐུན་པའི་འགལ་ཟླ་འབྱུང་རྒྱུ་ཇེ་མང་དུ་འགྲོ་གི་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་ཁག་གི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་ལྟ་བ་ཡང་དག་པ་ཞིག་དགོས་པ་དང་། སློབ་ཕྲུག་གི་ཆབ་སྲིད་ཀྱི་ལྟ་བ་གཞུང་གི་ཚད་གཞི་དེར་མ་སླེབས་ཚེ། ཡུ་གུར་པའི་སློབ་ཕྲུག་ཚོ་མཐོ་སློབ་ཐོན་པའི་ངོས་འཛིན་བྱེད་རྒྱུ་མིན། ཞིན་ཅང་གི་མཐོ་སློབ་ཁག་ཁ་འབྲལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་བསམ་བློའི་སློབ་གསོ་གཏོང་ས་གནད་འགག་ཅན་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།
XS
SM
MD
LG