ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དབྱིན་སྐད་བརྙན་འཕྲིན་ལེ་ཚན་གསར་པ།


རྒྱ་ནག་གི་ཤིན་ཧྭ་གསར་ཁང་གིས་ཆུ་ཚོད་༢༤་རིང་དབྱིན་སྐད་བརྙན་འཕྲིན་ལེ་ཚན་ཞིག་རྒྱང་སྲིང་བྱ་རྒྱུའི་ལས་རིམ་གསར་པ་ཞིག་འགོ་འཛུགས་བྱས་འདུག ཡང་རྒྱ་ནག་གཞུང་གི་ལས་འཆར་དེའི་ནང་དུ་འབྱུང་འགྱུར་གྱི་ལོ་ཁ་ཤས་ལ་ཨ་སྒོར་ཐེར་འབུམ་མང་པོ་གསར་འགྱུར་རྒྱུད་ལམ་གྱི་སྟོབས་ཤུགས་ཡར་རྒྱས་གཏོང་བར་འགྲོ་གྲོན་བཏང་སྟེ། རྒྱ་ནག་གཞུང་གིས་རང་གི་བརྙན་འཕྲིན་ལེ་ཚན་དེ་རྒྱལ་སྤྱིའི་གསར་འགྱུར་ཞིག་ལ་འགྱུར་ཐབས་བྱེད་རྒྱུ་དང༌། ཁོང་ཚོས་རྒྱལ་སྤྱིའི་གསར་འགོད་ལས་རིགས་དང་གསར་འགྱུར་གྱི་ངོ་བོར་འགྱུར་བ་གཏོང་ཐུབ་པའི་དམིགས་ཡུལ་བཅངས་ཡོད་པ་རེད།

XS
SM
MD
LG