ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

རྒྱ་ནག་གི་ཞའོ་མཱི་ཁ་པར་ནང་དུ་བཅུག་པའི་ཞིབ་བཤེར་འཕྲུལ་ཆས།


༄༅།། ཕྱི་ཟླ་༩་པའི་ཚེས་༢༢་ཉིན་ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་སྲུང་དྲྭ་རྒྱའི་བདེ་འཇགས་ཚན་པས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཚོང་འགྲེམ་བྱེད་བཞིན་པའི་ཞའོ་མཱི་ལག་ཐོགས་ཁ་པར་ནང་དུ་ཨ་རིའི་རླུང་འཕྲིན་ཁང་དང་བོད་རང་དབང་། ཐེ་ཝན་གྱི་རང་བཙན་ཁྲི་ལོར་བརྟན་པར་ཤོག་ཅེས་འཁོད་པའི་མིང་ཚིག་སོགས་བཀག་སྡོམ་དང་ཞིབ་བཤེར་བྱེད་པའི་འཕྲུལ་ཆས་བཅུག་ཅེས་གསལ་སྟོན་བྱས་ཤིང་། རྒྱལ་གར་དུ་གནས་འཁོད་བོད་པ་མང་པོ་ཞིག་གིས་ཞའོ་མཱི་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་དེ་ལ་ཡིད་གཟབ་དང་དོགས་ཟོན་བྱེད་དགོས་ཀྱི་འདུག་ཅེས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོས་ནན་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG