ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཞིས་ཅིན་ཕིང་གི་དགོངས་པ་སློབ་ཚན་ཁོངས་སུ་འཇུག་དོན།


༄༅།། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་དགོངས་པ་ཞེས་པ་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་ཁོངས་སུ་འཇུག་དགོས་པའི་གསལ་བསྒྲགས་སྤེལ་འདུག འདི་ནི་རིག་གནས་གསར་བརྗེ་མཇུག་སྒྲིལ་བའིུ་རྗེས་སུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཀྱི་མིང་ཐོག་ཏུ་སྤེལ་བའི་རྩོམ་ཡིག་དང་སྲིད་བྱུས་ཀྱི་གཏམ་བཤད། ཆབ་སྲིད་ཀྱི་འདུ་ཤེས་ཟེར་བ་རྣམས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་སློབ་ཚན་ཁོངས་སུ་བཅུག་ཡོད་པ་ཐེངས་དང་པོ་ཡིན་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG