ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཡུ་གུར་བའི་མི་འབོར་འཕེལ་རྒྱས་བཀག་སྡོམ།


༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་ཉམས་ཞིབ་པ་ཨེ་ཌི་རེན་ཛན་ཛེས་ཉེ་ཆར་གླེང་བརྗོད་ཅིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་དམར་ཤོག་གི་དབང་འཛིན་པ་ཚོས་ཞིན་ཅང་གི་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཁག་གི་མི་འབོར་ཉུང་དུ་གཏོང་རྒྱུའི་ཐབས་ཇུས་ཤིག་སྤེལ་བཞིན་ཡོད་ཅིང་། ཡུ་གུར་བའི་བུད་མེད་ཚོའི་སྐྱེ་སྒོ་བཙན་འགོག་དང་ངལ་རྩོལ་བཙན་བཀོལ། ཁྲིམས་འགལ་གྱིས་དོ་དམ་བྱས་ནས་ཞིན་ཅང་ལ་རྒྱ་མི་རིགས་གནས་སྤོར་བྱེད་དུ་འཇུག་རྒྱུ། རྒྱ་གཞུང་གིས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཞིན་ཅང་གི་ཡུ་གུར་བ་སོགས་ཀྱི་འབོར་འཕེལ་རྒྱས་བཀག་འགོག་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། མ་འོངས་པའི་ལོ་ཉི་ཤུའི་ནང་དུ་ཞིན་ཅང་གི་མི་གྲངས་ས་ཡ་བཞི་དང་ཕྱེད་ཀ་ཉུང་དུ་གཏོང་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG