ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིས་ཅིན་ཕིང་ཨོ་མེན་ལ་འཚམས་འདྲིར་ཕེབས་པ།


རྒྱ་ནག་གུང་ཁྲན་དབུས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རེས་གཟའ་ལྷག་པ་སྟེ། ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་གྱི་ཕྱི་དྲོར་དེ་སྔ་ཡུ་རོབ་རྒྱལ་ཁབ་ཕཱོར་ཆུ་གྷལ་གྱི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ཨོ་མེན་དམིགས་བསལ་ས་ཁུལ་དུ་འབྱོར་ཡོད་ཅིང་། འདི་ནི་ཞིས་ཅིན་ཕིང་ཨོ་མེན་མངའ་ཁུལ་གྱི་བདག་དབང་རྒྱ་ནག་གིས་རྩིས་བླངས་ནས་ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཁག་ལ་མཉམ་ཞུགས་བྱེད་པའི་ཆེད་དུ་ཡིན། ད་ཐེངས་ཀྱི་རྟེན་འབྲེལ་མཛད་སྒོའི་དུས་སུ་རྒྱ་ནག་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོས་ཞིས་ཅིན་ཕིང་གི་མཚམས་འདྲི་འདིར་ཉེན་ཟོན་དང་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG