ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་རྒྱ་གར་ནང་འཚམས་འདྲི་བྱེད་འགོ་བཙུགས་ཡོད་པ།


རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང། རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་གུྗ་རཌ་ཡི་གྲོང་ཁྱེར་ཨེམ་དྷ་བྷད་ནང་འབྱོར་ཏེ། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མྷོ་དྷི་དང་མཇལ་འཕྲད་གནང་བའི་ཐོག་ནས། ཉིན་གསུམ་གྱི་རྒྱལ་དོན་འཚམས་འདྲི་འགོ་འཛུགས་བྱས་ཡོད་པ་དང་། དེ་གར་རྒྱ་ནག་གིས་བཟོ་ལས་ཀྱི་གྲོང་ཁྱེར་ཞིག་འཛུགས་བསྐྲུན་བྱ་རྒྱུར། ཨ་སྒོར་འཐེར་འབུམ་བཞི་མིན་ཙམ་ཞིག་མ་རྩ་འཛུགས་འཇོག་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དང་། དེ་ནས་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བསྐྱོད་དེ། རྒྱ་གར་གཞུང་གི་དབུ་ཁྲིད་རྣམས་དང་གཙོ་བོ་ཚོང་གི་གནད་དོན་དང་། ས་མཚམས་ཀྱི་གནད་དོན་གྱིས་མཚོན་པའི་ཡུལ་གྲུ་གཉིས་དང་འབྲེལ་ཡོད་ཀྱི་གནད་དོན་མང་པོའི་ཐད་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་འདུག ད་རེས་ནི་ཞཱི་ཅིང་ཕིང་གིས་རྒྱ་གར་ལ་འཚམས་འདྲི་བྱས་པ་ཐོག་མར་དེ་ཡིན་པ་དང་། རྒྱ་གར་ནང་གནས་འཁོད་བོད་མི་རྣམས་ཀྱིས་རྒྱ་གར་གྱི་སྲིད་བློན་མཆོག་ལ། ཞཱི་ཅིང་ཕིང་དང་ཐུག་འཕྲད་གནང་བའི་སྐབས་བོད་ཀྱི་གནད་དོན་ཐད་གླེང་སློང་གནང་དགོས་པའི་ཞུ་བསྐུལ་བྱེད་པ་དང་ཆབས་ཅིག རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་བྱས་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG