ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མའོ་ཙེ་ཏུང་གི་གསར་བརྗེའི་ལམ་ཕྱོགས་དང་ཞིས་ཅིན་ཕིང་།


ཟླ་བ་༩་པའི་ཚེས་༩་ཉིན་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གྲོངས་ནས་ལོ་༤༣་འཁོར་བའི་དུས་དྲན་ཡིན་ཞིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་ཉིན་དེར་སྤྱིར་བཏང་གླེང་བརྗོད་གང་ཡང་སྤེལ་མེད་ཀྱང་མང་ཚོགས་ཀྱིས་དྲྭ་ལམ་དུ་མའོ་ཙེ་ཏུང་ལ་རྗེས་དྲན་གྱི་ལས་འགུལ་དང་གླེང་བརྗོད་སོགས་སྤེལ་འདུག ཡིན་ནའང་དབྱེ་ཞིབ་པ་ཚོས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་སྡུག་ཏུ་འགྲོ་བཞིན་པ་དང་ཧོང་ཀོང་སྤྱི་ཚོགས་སུ་ཡོ་འཁྱོམས་འབྱུང་བཞིན་པའི་རྒྱབ་ལྗོངས་འོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོས་མའོ་ཙེ་ཏུང་ལ་མིག་དཔེ་བལྟས་ནས་བསྐྱར་དུ་རང་སྟོབས་རང་འཕེལ། འཐབ་རྩོད་ནན་བརྗོད་བྱས་ནས་མའོ་ཙེ་ཏུང་གི་དུས་རབས་ལ་བརྟེན་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG