ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ཞི་ཨན་གྲོང་ཁྱེར་ནི་ཝུ་ཧན་ལྟར་སྒོ་རྒྱ་བསྡམས།


༄༅།། ཉེ་དུས་ཤིག་ནས་ཡུ་རོབ་དང་ཨ་རི་སོགས་རྒྱལ་ཁབ་མང་པོར་ཏོག་དབྱིབས་ནད་དུག་འགོ་ཡོད་མཁན་གྱི་གྲངས་འབོར་ཤུགས་ཆེར་འཕར་བཞིན་ཡོད་ཅིང་། དེ་བཞིན་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་དུའང་འགྲོ་འོང་བཀག་སྡོམ་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་ཡུལ་ཆེ་ཤོས་ཤིག་ཏུ་གྱུར། འགྲོ་འོང་བཀག་སྡོམ་བྱས་ནས་ཟླ་ཕྱེད་ཙམ་གྱི་རིང་དུ་ཞི་ཨན་གྲོང་ཁྱེར་ལ་ནད་པ་བརྒྱ་ལྷག་ལས་བྱུང་མེད་པར་མ་ཟད། ད་ལྟ་གྲངས་འབོར་དེ་ཡང་ཇེ་ཉུང་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ས་གནས་དེའི་མི་མང་ལ་འགྲོ་འོང་བཀག་སྡོམ་ཤུགས་ཆེན་བྱས་པ་ནི་མི་ཆོས་ལས་འདས་པའི་གནོད་ཚབས་ཆེ་བ་དང་ཞི་ཨན་གྲོང་ཁྱེར་ཧྲིལ་པོ་སྔོན་ཆད་ཝུ་ཧན་གྲོང་ཁྱེར་ལྟར་སྒོ་རྒྱ་བསྡམས་ནས་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG