ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་བོད་ཀྱི་སྐོར་དེབ་ཅིག་བྲིས་ཡོད་པ།


བོད་རིགས་རྩོམ་པ་པོ་བུ་ཆུང་བསོད་ནམས་ལཌ་ཀྱིས་དབྱིན་ཡིག་ཐོག་གཡག་རྭ་ཞེས་པའི་དཔེ་དེབ་ཅིག་འགྲེམས་སྤེལ་གནང་ཡོད་པ་དང་། དཔེ་དེབ་དེའི་ནང་བོད་ནང་གི་བོད་རིགས་རྩོམ་པ་པོ་རྣམ་ཀྱི་ངོ་སྤྲོད་མདོར་བསྡུས་རེ་དང་། ཁོང་ཚོས་འབྲི་རྩོམ་གནང་བའི་དཔེ་དེབ་དེ་ཚོར་པའི་དཔྱད་ཞིབ་བྱས་པ་དང་། བོད་ཀྱི་དེང་དུས་ཀྱི་གླུ་གཞས་དང་རོལ་དབྱངས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་གནང་བ། བོད་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་སྐོར་ལ་རྩོམ་པ་པོའི་དགོངས་ཚུལ་དང་དཔྱད་ཞིབ་བཅས་བཀོད་གནང་ཡོད་པ་སོགས་ཀྱི་ཐད་ཕུན་ཚོགས་ཚེ་རིང་ལགས་ཀྱིས་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་སུ་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG