ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ།


༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༣་ཉིན་ནི་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། ཉིན་མོ་འདི་ནི་འཛམ་གླིང་གི་ས་ཕྱོགས་གང་སའི་གསར་འགོད་པ་ཚོས་གསར་འགོད་རང་དབང་ལ་སྲུང་སྐྱོབ་དང་གནས་ཚུལ་མཁོ་སྒྲུབ་བྱས་པའི་རྒྱུད་རིམ་ནང་དུ་འདས་གྲོངས་སུ་གྱུར་པའི་གསར་འགོད་པ་རྣམས་དྲན་གསོ་ཞུ་བའི་ཉིན་མོ་དེ་ཡིན་པ་རེད།།

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་༢༠༢༡་ལོའི་འཛམ་གླིང་གི་གསར་འགོད་རང་དབང་གི་ཐོ་གཞུང་ཞིག་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་རྒྱལ་ཁབ་༡༨༠་ཐམ་པའི་ནང་གི་གསར་འགོད་རང་དབང་སྡུག་ཤོས་ཨང་བཞི་པ་དེ་རེད་ཅེས་བཀོད་ཡོད་པར་མ་ཟད། ཨ་རིར་བརྟེན་གཞི་བྱས་པའི་རང་དབང་ཁང་པའི་སྙན་ཐོའི་ནང་དུ་བོད་དང་དཀྱིལ་ཤར་རྒྱལ་ཁབ་སི་རི་ཡ་གཉིས་ནི་རང་དབང་གི་ཚད་དམའ་ཤོས་དང་སྡུག་ཤོས་ཀྱི་རྒྱལ་ཁབ་ཨང་དང་པོ་དེར་གྱུར་ཡོད་པ་གསལ་བཏོན་གནང་འདུག

ནོར་ཝེ་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་དཔལ་སྒྲོན་གྱིས་བོད་ནང་གི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་མཚོ་སྔོན་བརྙན་འཕྲིན་ལས་ཁུངས། ཁམས་པ་བརྙན་འཕྲིན་ཁང་སོགས་བརྒྱུད་ལམ་ཡོད་དོ་ཅོག་རྒྱ་ནག་གཞུང་གི་བརྒྱུད་ལམ་འབའ་ཞིག་རེད། བོད་པ་གཞིས་བྱེས་གཉིས་ཀྱི་དབར་དུ་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ཧ་ཅང་དཀའ་ངལ་དང་དགོང་ལེན་ཤུགས་ཆེན་པོ་ཞིག་བྱེད་དགོས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་། ད་ལོའི་གསར་འགོད་རང་དབང་གི་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་རིག་དང་རིག་གཞུང་། ཚན་རིག་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ཨོ་ཌི་རི་ཨེ་ཛོ་ལེས་གསར་འགོད་པ་ཚོས་ཁུངས་བདེན་དང་དྲང་སྙོམས་ཀྱི་གནས་ཚུལ་སྤེལ་དགོས་རྒྱུ་ཤིན་ཏུ་ནས་གལ་གནད་ཆེན་ཡིན་ཞེས་ནན་བརྗོད་གནང་ཞིང་། ཁོང་གིས་གསར་འགོད་པ་ཆེད་ལས་སྒྲུབ་མཁན་ཚོས་དཀྲོག་གཏམ་དང་གནས་ཚུལ་ལོག་པ་རྣམས་མེད་པར་བཟོ་རྒྱུའི་འགན་འཁྲི་ལེན་དགོས་ཞེས་གསུངས་ཡོད་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG