ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་གླིང་གི་ཟིན་བྲིས་པ་སྐད་གྲགས་ཆེ་ཤོས་ཧན་ཧན་དང་སྨྲ་བརྗོད་རང་དབང་།


དེ་རིང་མ་རྐང་ཁྲོམ་རའི་ཉིན་རེའི་ཚགས་པར་གྱིས། རྒྱ་ནག་གི་ན་གཞོན་རྩོམ་པ་པོ་སྐད་གྲགས་ཅན་དང་འཛམ་གླིང་ནང་གི་ཟིན་བྲིས་ཀློག་མཁན་མང་ཤོས་ཀྱི་ཟིན་བྲིས་རྩོམ་པ་པོ་ཧན་ཧན་ལགས་ལ་བཅར་འདྲི་བྱས་ཡོད་པ་ལྟར་། ཧན་ཧན་གྱིས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་ཡོང་བའི་རེ་བ་དང་བཅས་ཏེ་ཁོང་གིས་ཀྱང་རང་དབང་གི་སྒོ་ནས་རྩོམ་ཡིག་འབྲི་བའི་ཉི་མ་ཞིག་ཡོང་བའི་རེ་བ་ཡོད་པ་བརྗོད་འདུག ཨ་མེ་རི་ཀའི་དུས་དེབ་དཔར་བསྐྲུན་ཁང་ཞིག་གིས། ཧན་ཧན་གྱིས་རྒྱ་ནག་ནང་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་གླེང་སློང་བྱེད་པའི་ཟིན་བྲིས་རྩོམ་ཡིག་རྣམས་དབྱིན་ཡིག་ནང་བསྒྱུར་ཏེ་དཔར་བསྐྲུན་བྱེད་ཀྱི་ཡོད་པ་དང་ ཡང་ཧན་ཧན་ནི་སྤྱི་ལོ་༢༠༡༠ལོའི་འཛམ་གླིང་ནང་གི་ཤུགས་རྐྱེན་ཆེ་བའི་མི་བརྒྱ་འདེམས་ཐོན་བྱུང་བའི་ཁྲོད་ཀྱི་གཅིག་ཡིན། ཚེ་རིང་སྐྱིད་ཀྱིས་རྒྱ་ནག་གི་ན་གཞོན་རྩོམ་པ་པོ་ཧན་ཧན་ལགས་ཀྱི་རྩོམ་ཡིག་གིས་རྒྱ་ནག་མི་མང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་ རྒྱ་ནག་གཞུང་ལ་རྩོམ་ཡིག་གི་ལམ་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།
please wait

No media source currently available

0:00 0:07:06 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG