དེང་སྐབས་འཛམ་གླིང་གིོ་རྒྱལ་ཁབ་མང་པོ་ཞིག་གི་ནང་། བྱིས་པའི་རྩ་གཞི་སྦྲིད་ནད་ཁྱབ་གདལ་ཧ་ཅང་ཆེན་པོ་འགྲོ་བའི་ཛ་དྲག་གི་གནས་ཚུལ་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། དཀའ་ངལ་འདི་ནི་མང་ཚོགས་ཀྱི་འཕྲོད་བསྟེན་ལ་ཉེན་ཁ་བཟོ་གཞིའི་རྒྱལ་སྤྱིའི་ཛ་དྲག་གི་དཀའ་ངལ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱས་ཏེ། འགོས་ནད་འདི་བཀག་འགོག་བྱ་རྒྱུར་རྒྱལ་སྤྱིའི་ཡུལ་གྲུ་ཁག་མཉམ་རུབ་ཀྱི་ནུས་པ་ཞིག་འདོན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།