ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༥/༡༦

ཨ་རིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བ།


༄༅།། ད་ལྟ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༡༣༠༠༠༠༠་ལྷག་བརྒལ་ཟིན་པ་དང་ནད་ཡམས་དེས་མི་༨༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཡོད་ཅིང་། ཨ་མི་རི་ཀའི་མངའ་སྡེ་ཁག་ཅིག་གི་ཤ་ཁང་ཁག་གི་ལས་མི་རྣམས་དང་ཨར་ལས་ཀྱི་ངལ་རྩོལ་བ། ཕོ་བྲང་དཀར་པོའི་ལས་བྱེད་པ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་མི་མང་རྣམས་ལས་ཀར་ཕྱིར་ལོག་བྱ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད་པ་རྒྱ་ཆེའི་མི་མང་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་གཞི་ཞིག་ཏུ་འགྱུར་སྲིད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG