ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་མངའ་སྡེ་ཁག་གིས་སྨན་ཁང་གི་ཡོ་བྱད་བཟོ་རྒྱུའི་བསམ་ཞིབ།


༄༅།། ཨ་མི་རི་ཀའི་མངའ་སྡེའི་སྤྱི་ཁྱབ་ཚོས་སྔ་མོ་ནས་རང་རང་གི་ས་གནས་ཁག་ཏུ་སྨན་ཁང་ཁག་ལ་མཁོ་ངེས་ཀྱི་སྨན་བཅོས་ཐུན་རྐྱེན་བསྐྲུན་ཐབས་དང་། སྨན་ཁང་གི་ཡོ་བྱད་རྣམས་བཟོ་སྐྲུན་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་ཅིང་། ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཨ་མི་རི་ཀར་ཁྱབ་གདལ་ཕྱིན་ནས་བཟུང་། ཨ་མི་རི་ཀར་ནད་ཡམས་སྔོན་འགོག་གི་ཡོ་བྱད་དང་ཁ་རས། ལག་ཤུབས་སོགས་མི་ལྡེང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་བརྟེན། ཨ་རིའི་མངའ་སྡེ་སོ་སོས་སྨན་ཁང་གི་ཡོ་བྱད་རྣམས་བཟོ་སྐྲུན་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG