ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༥/༢༠

ཨ་རིའི་རྒྱལ་སར་རྒྱལ་ཡོངས་བདེ་སྲུང་དམག་བཀྲམ་པར་རྩོད་གླེང་།


༄༅།། ཉེ་དུས་ཤིག་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་མི་རིགས་ནག་པོའི་ཚེ་སྲོག་ལ་གཅེས་བརྩེ་བྱ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་དེ་འགོ་ཚུགས་པའི་རྗེས་སུ་དབུས་སྲིད་གཞུང་གིས་རྒྱལ་ཡོངས་བདེ་སྲུང་དམག་རྒྱལ་སའི་ནང་དུ་བཀྲམ། དེར་བརྟེན་སྲིད་འཛིན་དང་གྲོང་ཁྱེར་སྤྱི་ཁྱབ་གཉིས་རྒྱལ་ས་ཝ་ཤིང་ཊོན་དུ་དབང་ཆ་སུ་ལ་ཡོད་མེད་ཀྱི་འཐབ་རྩོད་ཤུགས་ཆེན་པོ་བྱུང་ཡོད་ཅིང་། དེ་རིང་མངའ་སྡེ་གཞན་ནས་བསྐོངས་པའི་རྒྱལ་ཡོངས་བདེ་སྲུང་དམག་རྣམས་ཕྱིར་སློག་བྱེད་བཞིན་ཡོད་མོད། འོན་ཀྱང་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་བདེ་སྲུང་དམག་རྣམས་མུ་མཐུད་དུ་འཇོག་གི་ཡོད་ཅེས་རྒྱལ་ཡོངས་བདེ་སྲུང་དམག་གི་དམག་དཔོན་ཞིག་གིས་ཁ་པར་ཐོག་ཏུ་འགྲེལ་བརྗོད་བྱས་འདུག རྒྱལ་ཡོངས་སྲུང་དམག་འགྲེམ་འཇོག་བྱེད་ཆོག་པའི་སྲིད་ཚད་དེ་སྲིད་འཛིན་ལ་ཡོད་དམ། ཡང་ན་རྒྱལ་སའི་གྲོང་ཁྱེར་སྤྱི་ཁྱབ་ལ་ཡོད་མེད་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་དམིགས་བསལ་ལེ་ཚན་ཞིག་ཕྱོགས་བསྒྲིགས་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG