ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་ཉེན་རྟོག་པར་སྒྱུར་བཅོས་གཏོང་དགོས་པའི་སྐད་འབོད།


༄༅།། ཨ་མི་རི་ཀའི་མཱི་ཎི་ཡ་པོ་ལི་སི་གྲོང་ཁྱེར་དུ་ཉེན་རྟོག་པ་ཞིག་གིས་གདུག་རྩུབ་ཆེན་པོས་མི་རིགས་ནག་པོའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ནས་རྐྱེན་འདས་སུ་གྱུར། དེའི་རྗེས་སུ་ཨ་རིའི་རྒྱལ་ཡོངས་སུ་མི་མང་གིས་ཉེན་རྟོག་པའི་སྒྲིག་གཞི་ལ་ལེགས་བཅོས་གཏོང་དགོས་པའི་དགོས་འདུན་མུ་མཐུད་འདོན་གི་ཡོད་ཅིང་། ཁ་སང་གི་ངོ་རྒོལ་ལས་འགུལ་ལ་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འཐུས་མི་རོམ་ཎིས་ཀྱང་མཉམ་ཞུགས་གནང་སྟེ་མི་མང་གི་དགོས་འདུན་ལ་རྒྱབ་སྐྱོར་གནང་ཡོད་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG