ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ངོ་རྒོལ་བ་ཚོས་ཉེན་རྟོག་པར་གྲོན་དངུལ་གཅོད་རྒྱུའི་དགོས་འདུན་བཏོན།


ཨ་རིར་འཇོར་ཇཱི་ཧྥུ་ལོ་དབྱི་ཌི་ཞེས་པའི་མི་རིགས་ནག་པོའི་སྐྱེས་པ་ཞིག་ཉེན་རྟོག་པའི་ལག་འོག་ཏུ་འདས་གྲོངས་སུ་གྱུར དེ་ལ་བརྟེན་ནས་ཨ་རི་གཅིག་པུ་མིན་པར་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ཏུ་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ལངས། ཨ་རིའི་ངོ་རྒོལ་བ་ཚོས་ཉེན་རྟོག་པར་གྲོན་དངུལ་གཅོད་དགོས་ཞེས་དགོས་འདུན་འདོན་རྒྱུ་འགོ་ཚུགས ངོ་རྒོལ་བ་ཚོས་ཉེན་རྟོག་པ་གྲོན་དངུལ་གཅོད་དགོས་ཞེས་པའི་འཕྲེད་དར་སོགས་འཁྱེར་ཡོད་པ་མ་ཟད། ངོ་རྒོལ་བྱ་ཡུལགཞུང་ལམ་སྟེང་དུའང་ཡིག་ཆེན་གྱི་འབོད་ཚིག་བྲིས་ནས་ཉེན་རྟོག་པ་གྲོན་དངུལ་གཅོད་དགོས་ཞེས་མི་ཚོགས་ཀྱི་འབོད་ཚིག་ཏུ་གྱུར་ཡོད་པ་རེད།

འབོད་ཚིག་འདིར་ཨ་རིའི་ཉེན་རྟོག་པའི་སྡེ་ཚན་ཡོངས་སུ་རྫོགས་པ་མེད་པགཏོང་རྒྱུའི་ནང་དོན་འདུས། ད་ལྟ་ནི་ཨ་རིའི་ཉེན་རྟོག་པའི་སྡེ་ཚན་གྱི་རྩ་བ་དང་ཡན་ལག་བཅས་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་རྒྱུའི་དུས་སུ་སླེབས ཨ་རིའི་ཉེན་རྟོག་པའི་སྡེ་ཚན་ལ་གཏོང་བཞིན་པའི་དངུལ་སྒོར་མང་པོ་ཞིག་མི་དམངས་ལོད་ཁང་གོ་སྒྲིག་དང་སློབ་གསོའི་ཕྱོགས་སུ་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་ལས་འགུལ་འདིར་རྒྱབ་སྐྱོར་བྱེད་མཁན་ཚོས་འགྲེལ་བཤད་བརྒྱབ། ཨ་རིའི་གྲོང་ཁྱེར་གྱི་གནས་ཚུལ་ལ་ཉམས་ཞིབ་བྱེད་མཁན་གྱི་སྡེ་ཚན་ཞིག་གིས་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན། སྤྱི་ལོ་༢༠༡༧་ལོར་ཨ་རིའི་མངའ་སྡེ་དང་ས་གནས་གཞུང་གིས་ཉེན་རྟོག་པའི་ལས་དོན་ལ་འགྲོ་སོངཨ་སྒོར་ཐེར་འབུམ་༡༡༥བཏང་ཡོད་པ་རེད

ར་བརྟེན་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས་ཉེན་རྟོག་པར་དངུལ་སྒོར་འགྲོ་གྲོན་གཏོང་རྒྱུ་མང་དྲགས་ཀྱི་འདུག འདི་ལས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིས་གཞན་ཁག་ཡར་རྒྱས་དང་ལེགས་བཅོས་བཏང་སྟེ་བེད་སྲུང་གི་ལས་བགོ་བྱེད་སྟངས་ལ་འགྱུར་བ་བཏང་བ་ཚེ། ས་གནས་སོ་སོའིས་སྤྱི་བའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཐུབ དེ་མིན་ཨ་རིར་རྟག་ཏུ་ཉེན་ཟོན་ཐལ་དྲགས་པའི་སྒོ་ནས་མ་རྩ་ཡོད་ཚད་ཉེན་རྟོག་སྡེ་ཚན་་བཏང་རུང་རྩ་བའི་གནད་དོན་འདི་སེལ་མི་ཐུབ་པར་གནད་འགག་གི་དུས་སུ་གནད་དོན་ཚབས་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཡོད་པའི་ངོས་འཛིན་བྱེད་བཞིན་པ་རེད།

ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་འཁོད་པ་ལྟར་ན ཨ་རིའི་མཱི་ཎི་སོ་ཊ་མངའ་སྡེའི་མཱི་ཎི་ཡེ་པོ་ལི་སི་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མ་འོངས་བར་གྲོང་ཁྱེར་འདིའི་ཉེན་རྟོག་པའི་སྡེ་ཚན་གྱི་ཚབ་ཏུ་ས་གནས་རང་གི་བདེ་འཇགས་ལས་དོན་སྒྲུབ་ཕྱོགས་ལ་བཅོས་སྒྱུར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་བཀོད། ནེའུ་ཡོག་གྲོང་ཁྱེར་དུའང་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་ཉེན་རྟོག་པར་གྲོན་དངུལ་གཅོད་དགོས། དངུལ་སྒོར་རྣམས་སློབ་གྲྭར་ཞལ་འདེབས་འབུལ་དགོས་པའི་འཕྲེད་དར་བཟུང་ནས་ལས་འགུལ་སྤེལ་འདུག

གཞན་ཡང་ཐེངས་འདིའི་ལས་འགུལ་གྱི་སྐབས་སུ་མི་རིགས་ནག་པོའི་ཚེ་སྲོག་གཅེས་བརྩེ་བྱ་དགོས་ཞེས་ཡིག་ཆེནྲང་བདེན་མེད་ན་ཞི་བདེ་མེད། མི་རིགས་དབྱེ་འབྱེད་བྱེད་མི་ཆོག་ཅེས་པ་སོགས་བྲིས་པའི་དགོས་འདུན་ཁག་ཅིག་བཏོན་ནས་ཨ་རིའི་ཁྲིམས་འཛིན་སྡེ་ཁག་སོགས་སུ་མི་རིགས་གྲངས་ཉུང་ལ་འདྲ་མཉམ་ཡོང་ཐབས་སུ་ཡུན་རིང་གི་ཕན་ཐོགས་པའི་བཅོས་སྒྱུར་ཆེན་པོ་ཞིག་བྱ་རྒྱུའི་འབོད་སྐུལ་བྱེད་བཞིན་པ་རེད།

XS
SM
MD
LG