ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ཀྱི་རྒྱལ་ས་ལྷ་སར་བདེ་འཇགས་དཔུང་དམག་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ།


འདི་ལོའི་ཕྱི་ཟླ་༡༠པའི་ཟླ་སྟོད་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གསར་འཛུགས་བྱས་པའི་དུས་ཆེན་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་སྲུང་བརྩི་བྱས་པའི་དགུང་སེང་གི་སྐབས་རྒྱ་མི་ས་ཡ་མང་པོ་བོད་ལ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུའི་གོ་སྐབས་ལེན་གྱི་ཡོད་པ་དང་ སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཟིང་ཆའི་གནས་ཚུལ་ཡོང་རྒྱུ་སྔོན་འགོག་བྱེད་ཐབས་སུ་རྒྱ་ནག་གིས་བདེ་འཇགས་དཔུང་དམག་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང་ སྐབས་དེར་ལྷ་སར་ཟིང་ཆ་གང་ཡང་བྱུང་མེད་ཅིང་ འོན་ཀྱང་ རྒྱལ་ས་ལྷ་སའི་བྱང་ཤར་ནས་ཀི་ལོ་མི་ཊར་༣༠༠ཙམ་གྱི་གྱང་ཁད་དུ་ཡོད་པའི་འབྲི་རུ་རྫོང་དུ་ཟིང་ཆ་བྱུང་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG