༄༅།། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་ལྷོ་ཀོ་རི་ཡས་ལངས་ཕྱོགས་གང་འདྲ་ཞིག་འཛིན་དགོས་མིན་ནི་སོ་སོ་རང་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་ཅེས་གསལ་སྟོན་བྱས་ཡོད་ཅིང་། ཉེ་ཆར་སྲིད་འཛིན་བྷ་ཌན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀྱིས་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་བསྐོངས་བའི་སྐབས་སུ་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་དགོས་རྒྱུ་ནི་ལྷོ་ཀོ་རི་ཡས་གནད་འགག་ཅིག་ལ་རྩི་བཞིན་ཡོད་ཅེས་ནན་བརྗོད་བྱས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།