ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྗེས་ནུབ་ཕྱོགས་པ་རྡོག་རྩ་གཅིག་སྒྲིལ།
ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་ཐོག་རྒྱལ་སྤྱིའི་བསམ་ཚུལ་དཔྱད་ཞིབ་བྱས་པར་གཞིགས་ན། སྔ་ལོའི་ཕྱི་ཟླ་༡༢ནས་འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱལ་ཁབ་༡༥ལྷག་ཙམ་གྱི་ནང་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན་ནུབ་ཕྱོགས་མ་ཡིན་པའི་རྒྱལ་ཁབ་གཞན་ཁག་གི་ནང་བསམ་ཚུལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།