ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་འབྱོར་ལྡན་གཏོང་ཕོད་ཅན་བིལ་གྷེ་ཊི་དང་། ཝོ་རེན་བྷ་ཧྤེ་ཊི་གཉིས་ཀྱིས་རྒྱ་ནག་གི་འབྱོར་ལྡན་པ་༥༠་ཡས་མས་ཤིག་ལ་ཐུག་འཕྲད་བྱས་ཏེ། ཁོང་ཚོར་པེ་ཅིང་གི་མགྲོན་ཁང་ཞིག་ཏུ་གསོལ་སྟོན་རྒྱས་ཤོམ་བྱས་ཡོད་པ་དང་། བིལ་གྷེ་ཊི་ཡིས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྱོར་ལྡན་པ་ཚོར་གཞན་ཕན་གྱི་ལས་དོན་སྒྲུབ་པའི་ཀུན་སློང་ཡོད་པ་གཅིག་མཚུངས་ཡིན་པ་སྟེ། མི་གཞན་གྱི་འཚོ་བར་རོགས་ཕན་ཇི་ལྟར་བྱེད་དགོས་མིན་དང་། ང་ཚོ་འབྱོར་ལྡན་པ་ཚོའི་ཁྱིམ་མི་རྣམས་གཞན་ཕན་གྱི་ལས་དོན་ལ་མཉམ་ཞུགས་བྱེད་དགོས་པ་གཅིག་མཚུངས་ཡིན་རུང་། རྒྱ་ནག་དང་ཨ་མི་རི་ཀའི་འབྱོར་ལྡན་པ་ཚོར་མི་འདྲ་བའི་ཁྱད་པར་ཡང་ཡོད་ཅེས་བཤད་ཡོད་པ་སྟེ། ཁོང་གིས་ང་ཚོའི་ཁྱད་པར་གཙོ་བོ་རྒྱ་ནག་གི་འབྱོར་ལྡན་པ་རྣམས་ཕྱུག་གསར་ཡིན་པ་དང་། ཁོང་ཚོས་སྒེར་འཛུགས་ཐུབ་པའི་དགེ་རྩ་ཚོགས་པ་མང་པོ་ཞིག་དར་ཁྱབ་ཡོང་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་ལ་སྲིད་གཞུང་གི་ལས་འགན་དང་། སྒེར་པ་འབྱོར་ལྡན་པ་ཚོས་བཙུགས་པའི་དགེ་རྩ་ཚོགས་པ་ཁག་གི་ལས་འགན་ལ་དབྱེ་མཚམས་གསལ་བོ་ཞིག་ཡོད་དགོས་པའི་གོ་རྟོགས་དེ་རྩ་བ་ནས་མེད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG