ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་དོན་ཆེད་གོམ་བགྲོད་ཉིན་ལྔ་པ།


བོད་དོན་ཆེད་དང་བླངས་པ་བོད་མི་མི་གྲངས་དགུ་ཡིས་ཟླ་བ་འདིའི་ཚེས་༢༢ཉིན་ ཨ་རིའི་ནུའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁང་ཆེན་གྱི་མདུན་ནས་འགོ་འཛུགས་བྱས་ཏེ་ གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ནས་ཉིན་གྲངས་ལྔ་འགྲོ་གི་ཡོད་པ་དང་ མཐའ་མཇུག་ཏུ་གོམ་བགྲོད་པ་རྣམས་ཀྱིས་ སྤྱི་ཟླ་བདུན་པའི་ཚེས་༤ཉིན་ཨ་རིའི་རང་བཙན་གྱི་ཉིན་མོ་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གོམ་བགྲོད་མཇུག་བསྒྲིལ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་གནས་ཚུལ་ཐོན་པ་ཞིག་ཀུན་བཟང་སྒྲོལ་མས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG