ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་བར་གྱི་བགྲོ་གླེང་།


གཟའ་ལྷག་པའི་དགོང་དྲོར་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་བར་གདོང་ཐུག་གི་བགྲོ་གླེང་རྩོད་བསྡུར་གནང་ཡོད། རྒྱུན་དུ་སྲིད་འཛིན་གཞོན་པའི་འོས་མིའི་བར་གྱི་བགྲོ་གླེང་དེར་དོ་སྣང་ཆེན་པོ་མེད་ནའང་སྲིད་འཛིན་ཊམ་དང་ད་ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ཌན་གཉིས་ཀ་དགུང་ལོ་བགྲེས་པོ་ཡིན་པ་མ་ཟད། དེང་སྐབས་སྲིད་འཛིན་ཊམ་ལ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་སོགས་ཀྱི་རྒྱུ་མཚན་མང་པོ་ཞིག་གི་རྐྱེན་པས་དོ་དགོང་གི་སྲིད་འཛིན་གཞོན་པའི་འོས་མིའི་བགྲོ་གླེང་དེར་ཨ་རིའི་གསར་འགྱུར་བརྒྱུད་ལམ་དང་མི་མང་གིས་དམིགས་བསལ་དོ་སྣང་ཆེན་པོ་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG