ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཊམ་ལ་ནད་དུག་འགོས་རྗེས་བྷ་ཌན་གྱིས་ལས་འགུལ་ཤུགས་ཆེ་རུ་བཏང་བ།


༄༅།། ད་སྔ་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཇཱོ་བྷ་ཌན་ཟླ་བ་མང་པོར་རང་གི་གནས་ཡུལ་མངའ་སྡེ་ཌ་ལ་ཝར་གྱི་ཉེ་འཁོར་དུ་བཞུགས་ཏེ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བར་སྲིད་འཛིན་ཊམ་གྱིས་སྐྱོན་བརྗོད་བྱས་ཤིང་། ད་ཆ་ཇཱོ་བྷ་ཌན་འོས་བསྡུའི་ལས་འགུལ་ཆེད་དུ་ཨ་མི་རི་ཀའི་ས་ཁུལ་ཁག་ལ་ཕེབས་ཀྱི་ཡོད་པ་རེད། ད་ལོའི་དབྱར་དུས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཌོ་ནལ་ཊམ་གྱིས་འོས་བསྡུའི་ལས་འགུལ་སྤེལ་རུང་ཉིན་ཤས་གོང་ནས་སྲིད་འཛིན་ཊམ་ལ་ཏོག་དབྱིབས་ནད་འགོས་ཏེ་འོས་བསྡུའི་ལས་འགུལ་སྤེལ་ཐུབ་ཀྱི་མེད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG