ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་གིས་བྷོ་ཤི་ལའི་ཡི་བཟའ་ཟླའི་ཁྲིམས་རྩོད་པ་བྱ་རྒྱུ་ཡིན་པ།


རྒྱ་ནག་གི་དམར་ཤོག་ཚོགས་པའི་ལས་གནས་གལ་ཆེ་མང་པོ་ཞིག་ནས་གནས་དབྱུངས་བཏང་བ་བྷོ་ཤི་ལའི་ཡི་བཟའ་ཟླ་གུ་ཀཱ་ལེ་ལ་ དབྱིན་ཇིའི་ཚོང་པ་ཞིག་བསད་པའི་ཉེས་འཛུགས་བྱས་ཡོད་པས་ ཁོང་གི་ནང་མིས་ དེ་སྔ་ལྐོག་ཟའི་ནག་ཉེས་ཕོག་པའི་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་དེ་གྲས་ཀྱི་ཁྲིམས་རྩོད་པ་བྱེད་མྱོང་ཡོད་པ་ པེ་ཅིང་དུ་གནས་སྡོད་ཁྲིམས་རྩོད་པ་གྲགས་ཅན་ཞིག་གླས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG